Skip to main content Skip to search
zhwa dmar/
ID:
T170143
  • ཞྭ་དམར (Tibetan, Tibetan script, Original)
    • > zhwa dmar/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zhamar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

1) Shamarpa. 2) the Red Crown [of, for instance, the Shamarpa]

language:
English

2. Ives Waldo Dictionary

[red] pandit hat

language:
English

3. Jim Valby Dictionary

wearer of the red cap

language:
English

4. bod rgya tshig mdzod chen mo

[2408] པཎ་ཞྭ། ...

language:
English

5. Thupten Phuntsok Dictionary

རྒྱལ་བ་ཀརྨ་པའི་འཕྲིན་ལས་ཀྱི་བྱེད་པོ་ཞྭ་དམར་སྐུ་ཕྲེང་རིམ་བྱོན་ནི་སངས་རྒྱས་འོད་དཔག་མེད་པའི་རྣམ་འཕྲུལ་དུ་ངོས་འཛིན་ཞིང་ཡོད་པ་རེད། ཞྭ་དམར་པ་ཞེས་པའི་མཚན་དོན་ནི། ཆུང་ངུའི་དུས་ནས་བྱིས་པ་ཐུན་མིན་གྲུབ་རྟགས་ལྡན་པ་ཞིག་བྱུང་། རྩ་རླུང་ཉམས་ལེན་བྱས་པས་དགུང་ལོ་བདུན་སྐབས་ནས་དྲོད་རྟགས་རྫོགས། འབྲང་འགུག་རས་པ་ཞེས་པའི་མཚན་སྙན་རྒྱས ། དེ་ནས་དགུང་ལོ་ཉེར་གསུམ་པར་སྟོད་ལུང་མཚུར་ཕུར་ཕེབས། རྒྱལ་བ་ཀརྨ་པ་རང་བྱུང་རྡོ་རྗེའི་ཞབས་ལ་བཏུད་ནས་ཡུན་ཏུ་བསྟེན། ཁམས་ཀྱི་ཀཾ་པོ་གནས་ནང་དུ་བྱོན་ན་འགྲོ་དོན་འཕེལ་པའི་ལུང་བསྟན་ཡོད་ཀྱང་ཕེབས་མ་གྲུབ། ཀརྨ་པས་རྗེ་ཉིད་ཀྱི་དབུ་ཞྭ་དང་རྣམ་པ་འདྲ་པའི་དབུ་ཞྭ་དམར་པོ་ཞིག་གནང་ཞིང་། ད་དགོན་པ་ཞིག་ཐོབ་ལ་ཁྲིད་མ་བཏབ་ན་དམ་ཚིག་མེད་ཅེས་གསུངས་པར། བླ་མའི་བཀའ་བཞིན་དགུང་ལོ་ང་གཅིག་པའི་ཆུ་བྱ་སྤྱི་ལོ༡༣༣༣ལོར་མཚུར་ཕུ་དགོན་དང་མི་རིང་བའི་གནས་དེར་དགོན་པ་ཞིག་བཏབ་སྟེ། ཁམས་གྱི་ཀཾ་པོ་གནས་ནང་དུ་ཕེབས་མ་ཐུབ་ཡང་རྟེན་འབྲེལ་གྱི་ཆེད་དུ་དགོན་པ་དེ་ལ་མཚུར་གནས་ནང་ཞེས་མིང་བཏགས། གནས་དེར་དབུས་གཙང་ཁམས་གསུམ་གྱི་གྲྭ་པ་མང་པོ་འདུས། ཟས་ནོར་ཆོས་གསུམ་ཆར་ལྟར་དུ་བབ་པར་དེ་ནས་བཟུང་བླ་མ་ཞྭ་དམར་རིན་པོ་ཆེ་ཞེས་མཚན་སྙན་རྒྱས། གྲུབ་ཐོབ་ཀརྨ་པཀྵྀའི་ལུང་ལས། ཞྭ་དམར་སྐུ་ཕྲེང་ཉི་ཤུ་རྩ་གཅིག་བར་བྱོན། དེ་ནས་ད་ལྟའི་བར་རྟོགས་ལྡན་གྲགས་པ་སེང་གེ་ནས་མི་ཕམ་ཆོས་ཀྱི་བློ་གྲོས་བར་སྐུ་ཕྲེང་བཅུ་གཉིས་ཕེབས་ཟིན། འོན་ཀྱང་ཆབ་སྲིད་ཀྱི་དབང་གིས་སྐུ་ཕྲེང་བཅུ་གཅིག་པར་ཞྭ་དམར་གྱི་མཚན་གནས་ཐོབ་མེད།

language:
Tibetan

6. smon lam tshig mdzod chen mo

པཎ་ཞྭ།

language:
Tibetan