Skip to main content Skip to search
zhwa dmar pa/
ID:
T170148
  • ཞྭ་དམར་པ (Tibetan, Tibetan script, Original)
    • > zhwa dmar pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zhamarpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • Shamarpa *, red hat/ non-Gelugpa sects

    language:
    English
  • Shamarpa [R]

    language:
    English
  • Shamarpa [rab byung drug pa'i skabs su karma rang byung rdo rje'i slob ma rtogs ldan grags pa seng gi la hor rgyal pos las zhva dmar po gnang bas de'i brgyud pa la zhva dmar po gnang bas de'i brgyud pa la zhva dmar pa zer, dgung lo re bdun bzhugs nas sa glang lor 'das, de nas bzung skye brgyud gnyis pa mkha' spyod dbang po dgung lo nga drug gsum pa chos dpal ye shes dgung lo zhe bdun, bzhi pa chos grags ye shes dgung lo don gnyis, lnga pa dkon mchog yan lag dgung lo nga dgu, drug pa chos kyi dbang phyug dgung lo nga gnyis bcas so sor 'das, de nas bdun pa ye shes snying po, brgyad pa chos kyi don grub, dgu pa chos kyi nyi ma, bcu pa chos grub rgya mtsho rnams rim par byon, lo ngo bzhi brgya lhag tsam gyi ring la gnas nang dang yangs pa can gyi dgon pa'i gdan sa bzung, rab byung bcu gsum pa'i lcags phag lo la bkra shis lhun por gor dmag gis gnod 'tshe byas pa de chos grub rgya mtsho'i dran 'phrul yin tshul gyi dbang gis gong ma'i bka' chad kyis yangs pa can sogs zhva dmar pa'i sde dgon rnams rtsis len byas shing bla ma'i skye brgyud yang chad pa red,//(1283-1349)//1350-1405)//(1406-1452) //(1453-1524)//(1525-1583)//(1584-1635)//1791/

    language:
    English

2. Jim Valby Dictionary

monk of a red-hat sect

language:
English

3. bod rgya tshig mdzod chen mo

[2408] རབ་བྱུང་དྲུག་པའི་སྐབས་སུ་ཀརྨ་རང་བྱུང་རྡོ་རྗེའི་སློབ་མ་རྟོགས་ལྡན་གྲགས་པ་སེང་གི་ལ་ཧོར་རྒྱལ་པོས་ལས་ཞྭ་དམར་པོ་གནང་བས་དེའི་བརྒྱུད་པ་ལ་ཞྭ་དམར་པོ་གནང་བས་དེའི་བརྒྱུད་པ་ལ་ཞྭ་དམར་པ་ཟེར། དགུང་ལོ་རེ་བདུན་བཞུགས་ནས་ས་གླང་ལོར་འདས། དེ་ནས་བཟུང་སྐྱེ་བརྒྱུད་གཉིས་པ་མཁའ་སྤྱོད་དབང་པོ་དགུང་ལོ་ང་དྲུག་གསུམ་པ་ཆོས་དཔལ་ཡེ་ཤེས་དགུང་ལོ་ཞེ་བདུན། བཞི་པ་ཆོས་གྲགས་ཡེ་ཤེས་དགུང་ལོ་དོན་གཉིས། ལྔ་པ་དཀོན་མཆོག་ཡན་ལག་དགུང་ལོ་ང་དགུ། དྲུག་པ་ཆོས་ཀྱི་དབང་ཕྱུག་དགུང་ལོ་ང་གཉིས་བཅས་སོ་སོར་འདས། དེ་ནས་བདུན་པ་ཡེ་ཤེས་སྙིང་པོ། བརྒྱད་པ་ཆོས་ཀྱི་དོན་གྲུབ། དགུ་པ་ཆོས་ཀྱི་ཉི་མ། བཅུ་པ་ཆོས་གྲུབ་རྒྱ་མཚོ་རྣམས་རིམ་པར་བྱོན། ལོ་ངོ་བཞི་བརྒྱ་ལྷག་ཙམ་གྱི་རིང་ལ་གནས་ནང་དང་ཡངས་པ་ཅན་གྱི་དགོན་པའི་གདན་ས་བཟུང། རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་ལོ་ལ་བཀྲ་ཤིས་ལྷུན་པོར་གོར་དམག་གིས་གནོད་འཚེ་བྱས་པ་དེ་ཆོས་གྲུབ་རྒྱ་མཚོའི་དྲན་འཕྲུལ་ཡིན་ཚུལ་གྱི་དབང་གིས་གོང་མའི་བཀའ་ཆད་ཀྱིས་ཡངས་པ་ཅན་སོགས་ཞྭ་དམར་པའི་སྡེ་དགོན་རྣམས་རྩིས་ལེན་བྱས་ཤིང་བླ་མའི་སྐྱེ་བརྒྱུད་ཡང་ཆད་པ་རེད། ... ༼1283-1349༽ ... 1350-1405༽ ... ༼1406-1452༽ ... ༼1453-1524༽ ... ༼1525-1583༽ ... ༼1584-1635༽ ... 1791...

language:
English

4. smon lam tshig mdzod chen mo

རབ་བྱུང་དྲུག་པའི་སྐབས་སུ་ཀརྨ་རང་བྱུང་རྡོ་རྗེའི་སློབ་མ་རྟོགས་ལྡན་གྲགས་པ་སེང་གི་ལ་ཧོར་རྒྱལ་པོས་ལས་ཞྭ་དམར་པོ་གནང་བས་དེའི་བརྒྱུད་པ་ལ་ཞྭ་དམར་པོ་གནང་བས་དེའི་བརྒྱུད་པ་ལ་ཞྭ་དམར་པ་ཟེར། དགུང་ལོ་རེ་བདུན་བཞུགས་ནས་ས་གླང་ལོར་འདས། དེ་ནས་བཟུང་སྐྱེ་བརྒྱུད་གཉིས་པ་མཁའ་སྤྱོད་དབང་པོ་དགུང་ལོ་ང་དྲུག་གསུམ་པ་ཆོས་དཔལ་ཡེ་ཤེས་དགུང་ལོ་ཞེ་བདུན། བཞི་པ་ཆོས་གྲགས་ཡེ་ཤེས་དགུང་ལོ་དོན་གཉིས། ལྔ་པ་དཀོན་མཆོག་ཡན་ལག་དགུང་ལོ་ང་དགུ། དྲུག་པ་ཆོས་ཀྱི་དབང་ཕྱུག་དགུང་ལོ་ང་གཉིས་བཅས་སོ་སོར་འདས། དེ་ནས་བདུན་པ་ཡེ་ཤེས་སྙིང་པོ། བརྒྱད་པ་ཆོས་ཀྱི་དོན་གྲུབ། དགུ་པ་ཆོས་ཀྱི་ཉི་མ། བཅུ་པ་ཆོས་གྲུབ་རྒྱ་མཚོ་རྣམས་རིམ་པར་བྱོན། ལོ་ངོ་བཞི་བརྒྱ་ལྷག་ཙམ་གྱི་རིང་ལ་གནས་ནང་དང་ཡངས་པ་ཅན་གྱི་དགོན་པའི་གདན་ས་བཟུང༌། རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་ལོ་ལ་བཀྲ་ཤིས་ལྷུན་པོར་གོར་དམག་གིས་གནོད་འཚེ་བྱས་པ་དེ་ཆོས་གྲུབ་རྒྱ་མཚོའི་དྲན་འཕྲུལ་ཡིན་ཚུལ་གྱི་དབང་གིས་གོང་མའི་བཀའ་ཆད་ཀྱིས་ཡངས་པ་ཅན་སོགས་ཞྭ་དམར་པའི་སྡེ་དགོན་རྣམས་རྩིས་ལེན་བྱས་ཤིང་བླ་མའི་སྐྱེ་བརྒྱུད་ཡང་ཆད་པ་རེད། 12831349 13501405 14061452 14531524 15251583 15841635 1791

language:
Tibetan