Skip to main content Skip to search
gzhi thams cad shes pa nyid la mtshon byed kyi chos dgu/
ID:
T170927
  • གཞི་ཐམས་ཅད་ཤེས་པ་ཉིད་ལ་མཚོན་བྱེད་ཀྱི་ཆོས་དགུ (Tibetan, Tibetan script, Original)
    • > gzhi thams cad shes pa nyid la mtshon byed kyi chos dgu/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zhitam cheshé panyi lamtsön jekyi chögu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

the 9 dharmas that symbolize knowldge of all bases

language:
English

2. dung dkar bod rig pa'i tshig mdzod chen mo

དང་པོ། ཤེས་པས་སྲིད་ལ་མི་གནས་པ་ནི། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད། གཉིས་པ། སྙོང་རྗེས་ཞི་ལ་ཡིད་གནས་པ་ནི། ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་འགོག་བྱེད། གསུམ་པ། ཐབས་མ་ཡིན་པས་རིང་བའི་གཞི་ཤེས་སོ། །བཞི་པ། ཐབས་ཀྱིས་རིང་བ་མ་ཡིན་པའི་གཞི་ཤེས་སོ། །ལྔ་པ། །མི་མཐུན་པ་ཕྱོགས་ཀྱི་གཞི་ཤེས་སོ། །དྲུག་པ། གཉེན་པོ་ཕྱོགས་ཀྱི་གཞི་ཤེས་སོ། །བདུན་པ། འདིར་གཞི་ཤེས་སྦྱོར་བ་བཅུ(ཡུལ་གྱི་སྒོ་ནས་བཞི། ངོ་བོའི་སྒོ་ནས་གསུམ། བྱེད་པའི་སྒོ་ནས་གཉིས། དཔེའི་སྒོ་ནས་གཅིག་སྟེ་བཅུ)དང་བྱ་དཀའ་གསུམ(ཆེད་དུ་བྱ་བ་དཀའ་བ། སྦྱོར་བ་བྱ་དཀའ་བ། ལས་བྱ་དཀའ)སྣང་བ་རྣམ་བདུན(རྨི་ལམ། སྒྱུ་མ། སྨིག་རྒྱུ། སྒྲ་བརྙན། གཟུགས་བརྙན། དྲི་ཟའི་གྲོང་ཁྱེར། སྤྲུལ་པ)བཅས་ཚུད། བརྒྱད་པ། སྦྱོར་བ་དེའི་མཉམ་པ་ཉིད་ལ་གཟུགས་སོགས་ཀྱི་ངོ་བོ་དང་། མཚན་ཉིད་དང་། དབྱེ་བ་དང་། ཡུལ་ཅན་ལ་རློམ་པ་མེད་པ་སྟེ་བཞིའོ། །དགུ་པ། མཐོང་བའི་ལམ་མོ། །

language:
Tibetan

3. Thupten Phuntsok Dictionary

དང་པོ། ཤེས་པས་སྲིད་ལ་མི་གནས་པ་ནི། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད། ཀུན་རྫོབ་ལ་ལྟོས་པའི་ཞི་འདོག་བྱེད། གསུམ་པ། ཐབས་མ་ཡིན་པས་རིང་བའི་གཞི་ཤེས་སོ། །བཞི་པ། ཐབས་ཀྱིས་རིང་བ་མ་ཡིན་གཞི་ཤེས་སོ། །ལྔ་པ། མི་མཐུན་པ་ཕྱོགས་ཀྱི་གཞི་ཤེས་སོ། །དྲུག་པ། གཉེན་པོ་ཕྱོགས་ཀྱི་གཞི་ཤེས་སོ། །བདུན་པ། འདིར་གཞི་ཤེས་སྦྱོར་བ་བཅུ (ཡུལ་གྱི་སྒོ་ནས་བཞི། ངོ་བོའི་སྒོ་ནས་གསུམ། བྱེད་པའི་སྒོ་ནས་གཉིས། དཔེའི་སྒོ་ནས་གཅིག་སྟེ་བཅུ) དང་བྱ་དཀའ་གསུམ (ཆེད་དུ་བྱ་བ་དཀའ་བ། སྦྱོར་བ་བྱ་དཀའ་བ། ལས་བྱ་དཀའ) སྣང་བ་རྣམ་བདུན (རྨི་ལམ། སྒྱུ་མ། སྨིག་རྒྱུ། སྒྲ་བརྙན། གཟུགས་བརྙན། དྲི་ཟའི་གྲོང་ཁྱེར། སྤྲུལ་པ) བཅས་ཚུད། བརྒྱད་པ། སྦྱོར་བ་དེའི་མཉམ་པ་ཉིད་ལ་གཟུགས་སོགས་ཀྱི་ངོ་བོ་དང་། མཚན་ཉིད་དང་། དབྱེ་བ་དང་། ཡུལ་ཅན་ལ་རློམ་པ་མེད་པ་སྟེ་བཞིའོ། །དགུ་པ། མཐོང་བའི་ལམ་མོ། །

language:
Tibetan