- gzhon nu bum sku/
- ID:
- T171646
- གཞོན་ནུ་བུམ་སྐུ (Tibetan, Tibetan script, Original)
- > gzhon nu bum sku/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > zhönnu bumku (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Dan Martin Dictionary
youthful vase body. Thondup, BM 58. Karmay, Great Perfection 185, 187. Germano, Poetic Thought 963. Note the story of Skandha (called Gzhon nu gdong drug in Tibetan), who was, according to some accounts, gestated in a vase from the seed of six different gods. Note also that the Upaniṣads define the ātman thus: ātman is brahman in a pot where the pot is the body, and breaking the pot allows one to realize the primordial unity of the ātman and the Absolute Brahman. See White, Alchemical Body 18.
- language:
- English
3. Ives Waldo Dictionary
-
the youthful vase body [extraordinary rdzogs pa chen po tradition, phyir gsal gyi shes pa nang du log nas, nang gsal gdod ma'i gzhi dbyings chen po rang ngor snang ba, gzhi las 'phags pa, bye brag phyed pa, phyed thog tu grol ba, gzhan las ma byung ba, rang sar gnas pa ste having six khyad chos having the nature of the the ocean of kayas and wisdoms, the realization of Samantabhadra]
- language:
- English
-
the youthful vase body [R]
- language:
- English
4. Jim Valby Dictionary
means to enter into dang energy in the original fresh vase, youthful vase-body, youthful vase-like body (with six qualifications which are khyad chos drug ldan named rang ngor rnam dag, skye ba med pa, ka dag, lhun grub, 'dus ma byas, gdangs 'gags pa med pa)
- language:
- English
5. bod rgya tshig mdzod chen mo
[2432] རྫོགས་པ་ཆེན་པོའི་བཤད་སྲོལ་ཐུན་མོང་མ་ཡིན་པ་ཞིག་སྟེ། ཕྱིར་གསལ་གྱི་ཤེས་པ་ནང་དུ་ལོག་ནས། ནང་གསལ་གདོད་མའི་གཞི་དབྱིངས་ཆེན་པོ་རང་ངོར་སྣང་བ། གཞི་ལས་འཕགས་པ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་ཏུ་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པ་སྟེ་ཁྱད་ཆོས་དྲུག་དང་ལྡན་པ་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་ཅན་གྱི་ཀུན་ཏུ་བཟང་པོའི་དགོངས་པའོ། ...
- language:
- English
6. Thupten Phuntsok Dictionary
གསང་སྒས་རྙིང་མའི་ཆོས་སྐད་ཅིག་སྟེ། ཤེས་བྱ་ཀུན་ཁྱབ་ལས། སྲིད་ཞི་ཡོངས་ལ་མངའ་དབང་བསྒྱུར་བའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད་དབྱིངས་རང་བྱུང་གི་ཡེ་ཤེས་བདེ་བ་གཤེགས་པའི་སྙིང་པོ་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་ཏེ་གཞི་ལས་འཕགས་པའི་སྐད་ཅིག་དེ་ཉིད་ལ་རང་སྣང་དུ་ངོ་ཤེས་པས་རང་བྱུང་རིག་པའི་ཡེ་ཤེས་ཉིད་གཞི་ཐོག་ཏུ་རང་སར་གྲོལ་ཏེ། སྤངས་པ་དང་། རྟོགས་པ་དང་། སེམས་ཆེན་པོ་གསུམ་ལྷུན་གྲུབ་ཏུ་ལྡན་ཞིང་། འཁོར་འདས་ཀུན་བདག་ཀུན་ཏུ་བཟང་པོ་ཞེས་བྱ་བ། རྒྱུའི་ཐེག་པ་བ་དག་གིས་འཇུག་པ་ཐམས་ཅད་ཀྱི་དབྱིངས་སུ་ཉེ་བར་ཞི་བའི་འགོག་པ་ལ་གནས་པར་བཤད་པའི་སྟོང་སྟོང་རྐྱང་ཙམ་ལས་རིང་དུ་འདས་པའི་ཚུལ་གྱིས། ལྷུན་གྲུབ་རིན་པོ་ཆེའི་སྦུབས། གདོད་མའི་ཟད་ས་ཀ་དག་ཆེན་པོ། གཞོན་ནུ་བུམ་པ་སྐུའི་བཙན་ས་ཟིན་ཏེ་ཕྱིར་སྣང་གི་ཡོན་ཏན་ཐམས་ཅད་མཆེད་པའི་གཞིའམ་རྒྱུར་གྱུར་པ། ནང་གསལ་ཕྲ་བའི་ཡེ་ཤེས་ཐིམ་ལ་མ་རྨུགས་པ་ཤེལ་འོད་ནང་དུ་བསྡུས་པའི་ཚུལ་ཅན་ཆོས་ཀྱི་སྐུའི་རང་བཞིན་དུ་བཞུགས་སོ། །ཞེས་གསུངས། ཐེག་པ་ཐུན་མོང་བ་ལྟར་ན་གཞོན་ནུ་བུམ་སྐུ་ཞེས་པ་ནི་ཆོས་སྐུ་དང་དོན་གཅིག་སྟེ། དེ་གདོད་མ་ནས་དག་ཅིང་། རྒྱུ་རྐྱེན་གྱིས་མ་གྲུབ་པ་དང་། ལོངས་སྐུ་ལ་སོགས་པ་ཕྱིར་སྣང་ཐམས་ཅད་ཀྱི་སྤྲུལ་གཞི་ཡིན་པའི་ཕྱིར་རོ། །
- language:
- Tibetan
7. smon lam tshig mdzod chen mo
རྫོགས་པ་ཆེན་པོའི་བཤད་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཕྱིར་གསལ་གྱི་ཤེས་པ་ནང་དུ་ལོག་ནས། ནང་གསལ་གདོད་མའི་གཞི་དབྱིངས་ཆེན་པོ་རང་ངོར་སྣང་བ། གཞི་ལས་འཕགས་པ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་ཏུ་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པ་སྟེ་ཁྱད་ཆོས་དྲུག་དང་ལྡན་པ་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་ཅན་གྱི་ཀུན་ཏུ་བཟང་པོའི་དགོངས་པའོ། །
- language:
- Tibetan