- khu rngog 'brom gsum/
- ID:
- T17265
- ཁུ་རྔོག་འབྲོམ་གསུམ (Tibetan, Tibetan script, Original)
- > khu rngog 'brom gsum/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > khungok dromsum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
Syn ཁུ་བརྩོན་འགྲུས་གཡུང་དྲུང་, རྔོག་ལེགས་པའི་ཤེས་རབ་, འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ three chief disciples of Lord Atisha
- language:
- English
3. dung dkar bod rig pa'i tshig mdzod chen mo
ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མའི་གཙོ་བོ་གསུམ་ཞེས་ཡོངས་སུ་གྲགས་པ་དེ་ཡིན། ཐོག་མར་ཁོང་རྣམ་པ་གསུམ་ཀ་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་མ་བྱོན་གོང་དུ་བར་ཁམས་འདན་ཀློང་ཐང་དུ་བླ་མ་སེ་བཙུན་གྱི་དྲུང་དུ་བྱོན་ནས་ཕར་ཚད། དབུ་མ། སམ་སྐྲི་ཏའི་སྐད་བཅས་ལ་སྦྱངས་པ་མཛད་དེ་ཆོས་ཀྱི་གྲོགས་མཆེད་ཡིན་པས། ཁུ་རྔོག་འབྲོམ་གསུམ་འེས་པའི་མཚན་ཡང་ཁམས་ལ་བཞུགས་དུས་ནས་ཐོགས་པ་ཡིན།
- language:
- Tibetan
4. Thupten Phuntsok Dictionary
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མའི་གཙོ་བོ། ཁུ་བརྩོན་འགྲུས་གཡུང་དྲུང་དང་། རྔོག་ལེགས་པའི་ཤེས་རབ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་བཅས་གསུམ་མོ། །
- language:
- Tibetan
5. smon lam tshig mdzod chen mo
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མའི་གཙོ་བོ། ཁུ་བརྩོན་འགྲུས་གཡུང་དྲུང་དང༌། རྡོག་ལེགས་པའི་ཤེས་རབ། འབྲོམ་རྒྱལ་བའི་འབྱུང་གནས་བཅས་གསུམ་མོ། །
- language:
- Tibetan