Skip to main content Skip to search
khu byug pa/
ID:
T17349
  • ཁུ་བྱུག་པ (Tibetan, Tibetan script, Original)
    • > khu byug pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khujukpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jim Valby Dictionary

orostachys fimbriatus (turcz.) A. Berger

language:
English

2. Thupten Phuntsok Dictionary

འདི་ལྗོངས་ཡོངས་ཀྱི་▲སྨི་3500~3900བར་གྱི་ཡུལ་གར་ཡང་ཐར་ཐོར་ཡོད་པ་དང་སྲིབ་ཀྱི་སྤང་དང་། ནགས་འདབས། ལྡུམ་གསེབ་བཅས་སུ་འཁྲུངས་པ། རྩ་བ་སེར་སྐྱ་རྐང་གཅིག་ཐུང་ལ་རྒྱུས་ཕྲན་མང་པོ་བཀྲམ་པ། ངར་པ་ཆིག་སྐྱེས་ཕྲ་ལྡེམ་ཡལ་ག་མེད་པ། མཐོ་ཚད་སྨི་0.12~0.2ཙམ་ཟིན་པ། ལོ་མ་ལྗང་འཇམ་འཇོང་དབྱིབས་མཐའ་སྙོམས་ཤིང་ཞེང་ཆེ་ལ་རྩེ་ཅུང་ཟད་རྣོ་བ། རྩ་རིས་གཞུང་དུ་ཡོད་པ་དབང་ལག་གི་ལོ་མ་འདྲ་བ། ཟླ་བ་6~7བར་མེ་ཏོག་མཆུ་དབྱིབས་གོས་དང་འདབ་མ་སེར་པོ་ལ་རྩ་རིས་སྨུག་པོ་ཕྲ་ཞིབ་གཤིབ་ནས་ཡོད་པ་དང་། སྨན་དུ་སྦྱར་བྱ་ནི་ལོ་སྡོང་མེ་འབྲས་ཡོངས་རྫོགས་ཏེ་ཟླ་6~7པར་བཏུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། རོ་མངར་ཁ། ཞུ་རྗེས་སྙོམས། ནུས་པས་རྩ་ཁ་འབྱེད། ཆུ་འགགས་འབྱིན་མཁལ་ལྒང་སོགས་ཀྱི་ལྡེའུ་ནད་སེལ།

language:
Tibetan