Skip to main content Skip to search
zur mkhar blo gros rgyal po/
ID:
T173813
  • ཟུར་མཁར་བློ་གྲོས་རྒྱལ་པོ (Tibetan, Tibetan script, Original)
    • > zur mkhar blo gros rgyal po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zumkhar lodrö gyelpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

(b.1508)

language:
English

2. Ives Waldo Dictionary

  • ཟུར་མཁར་བློ་གྲོས་རྒྱལ་པོ་

    language:
    Tibetan
  • ཟུར་མཁར་བློ་གྲོས་རྒྱལ་པོ་ [R]

    language:
    Tibetan
  • ཟུར་མཁར་བློ་གྲོས་རྒྱལ་པོ་[zur mkhar mnyam nyid rdo rje dang gdung rgyud gcig ste, rang byung dgu pa'i sa sbrul lor sku 'khrungs, chung ngu'i dus nas thun min dang thun mong gi rig gnas rnams gsan, khyad par du gso ba rig par 'chad rtzod rtzom gsum gang la'ang thogs pa med par gyur te, zur mkhar gong ma'i bzhed pa gtzo bor bstan

    language:
    Tibetan

3. bod rgya tshig mdzod chen mo

[2464] ཟུར་མཁར་མཉམ་ཉིད་རྡོ་རྗེ་དང་གདུང་རྒྱུད་གཅིག་སྟེ། རང་བྱུང་དགུ་པའི་ས་སྦྲུལ་ལོར་སྐུ་འཁྲུངས། ཆུང་ངུའི་དུས་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་རྣམས་གསན། ཁྱད་པར་དུ་གསོ་བ་རིག་པར་འཆད་རྩོད་རྩོམ་གསུམ་གང་ལའང་ཐོགས་པ་མེད་པར་གྱུར་ཏེ། ཟུར་མཁར་གོང་མའི་བཞེད་པ་གཙོ་བོར་བསྟན་ནས་རྩ་རྒྱུད་དང། བཤད་རྒྱུད། ཕྱི་མ་རྒྱུད་ཀྱི་ཆུ་མདོ་ཡན་གྱི་འགྲེལ་པ་མེས་པོའི་ཞལ་ལུང་ཞེས་པ་མཛད། གཞན་ཡང་རྗེ་མཉམ་ཉིད་རྡོ་རྗེའི་རྣམ་ཐར་དང། རྒྱུད་བཞི་བཀའ་བསྟན་གྱི་འགལ་སྤོངས་ལ་ཕྱི་ལྟར་ན་སངས་རྒྱས་ཀྱི་བཀའ། ནང་ལྟར་ན་པཎྜི་ཏའི་བསྟན་བཅོས། གསང་བ་ལྟར་ན་བོད་ཀྱི་བསྟན་བཅོས་སུ་བཞེད་པ་སོགས་གསོ་དཔྱད་སྐོར་ལ་གསུང་རྩོམ་ཤིན་ཏུ་མང་ཞིང། སྙན་ངག་མེ་ལོང་མའི་མེ་ལོང་ཞེས་པ་སོགས་རིག་གནས་གཞན་སྐོར་ལའང་སྣ་ཚོགས་མཆིས། གཡུ་ཐོག་ཕྱག་བྲིས་མའི་རྒྱུད་བཞི་གསེར་མཆན་སོགས་གནའ་རབས་ཀྱི་ཚད་ལྡན་ཡིག་ཆ་རྣམས་ལ་ཁུངས་བཅོལ་ཏེ་རྒྱུད་བཞི་ལ་ཞུས་དག་མཛད་ཅིང་ནང་སོ་ཡར་རྒྱབ་པ་སྦྱིན་བདག་ཏུ་བསྐུལ་ནས་པར་དུ་བརྐོས་པའི་གྲ་ཐང་པར་མ་ཞེས་རྒྱུད་བཞིའི་པར་སྔ་ཤོས་སུ་གྱུར་པ་དེའི་བདག་རྐྱེན་མཛད་པ་སོགས་སྐུ་ཚེ་ཧྲིལ་པོར་གསོ་བའི་བསྟན་དོན་ཁོ་ན་མཛད། དགུང་ལོ་བདུན་ཅུ་ལྷག་ཙམ་བཞུགས་པར་གྲགས། ...

language:
English

4. dung dkar bod rig pa'i tshig mdzod chen mo

ཟུར་མཁར་མཉམ་ཉིད་རྡོ་རྗེ་དང་གདུང་རྒྱུད་གཅིག་ཡིན། རབ་བྱུང་དགུ་པའི་ས་སྦྲུལ(༡༥༠༩)ལོར་སྐུ་བལྟམས། མཚན་ཚེ་བརྟན་རྒྱལ་ཞེས་གསོལ། དེ་རྗེས་ཀརྨ་འཕྲིན་ལས་པས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་ཞེས་གནང་། སྐུ་ཆུང་དུས་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་སྤྱི་ལ་སྦྱངས་པ་མཛད། ཁྱད་པར་དུ་ གསོ་བ་རིག་པའི་ཐད་གླང་བུ་ཆོས་རྗེ་དང་། བྱང་པ་བཀྲ་ཤིས་དཔལ་བཟང་སོགས་མཁས་དབང་དུ་མ་ལས་གསོ་རིག་གི་གཞུང་དང་ལུང་མང་པོ་གསན་སྦྱོང་གནང་བས་གསོ་བ་རིག་པ་འཆད་རྩོད་རྩོམ་གང་ལའང་ཐོགས་པ་མེད་པར་གྱུར། རྗེ་གང་གིས་ཟུར་མཁར་གོང་མའི་བཞེད་པ་གཙོ་བོར་བརྟེན་ནས་རྩ་རྒྱུད་དང་། བཤད་རྒྱུད། ཕྱི་མ་རྒྱུད་ཀྱི་ཆུ་མདོ་ཡན་གྱི་ འགྲེལ་པ། རྩ་རྒྱུད་ཀྱི་བཤད་པ《མེས་པོའི་ཞལ་ལུང》ཞེས་པ་དང་། 《ཕྱི་རྒྱུད་རྩ་ཆུའི་མེས་པོའི་ཞལ་ལུང》ཞེས་པ། དེ་བཞིན་བྱང་པའི་བཀའ་སྒྲུབ་ཀྱི་ལན《དཀར་པོ་ཆིག་ཐུབ་བམ་དབང་པོའི་ལག་ཉལ་དང་རྒྱུད་བཞིའི་བཀའ》དང《བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ》《སྨན་གྱི་རོ་ནུས་ཞུ་རྗེས་ཀྱི་རེའུ་མིག》《ཟླ་ཐིག་ཉིན་བྱེད་འོད་མཚོ》《ཆུ་སྐོལ་གྱི་རྣམ་བཤད》སོགས་དང་། རྒྱུད་བཞིའི་བཀའ་བསྟན་གྱི་འགལ་སྤོངས་ལ་ཕྱི་ལྟར་ན་སངས་རྒྱས་ཀྱི་བཀའ། ནང་ལྟར་ན་པཎྜི་ཏའི་བསྟན་བཅོས། གསང་བ་ལྟར་ན་བོད་ཀྱི་བསྟན་བཅོས་སུ་བཞེས་པ་སོགས་གསོ་དཔྱད་སྐོར་ལ་གསུང་རྩོམ་ཤིན་ཏུ་མང་། གཞན་ཡང་སྙན་ངག་མེ་ལོང་མའི་མེ་ལོང་ཞེས་པ་སོགས་རིག་གནས་གཞན་སྐོར་གྱི་ཕྱག་རྩོམ་སྣ་ཚོགས་དང་རྗེ་མཉམ་ཉིད་རྡོ་རྗེའི་རྣམ་ཐར་སོགས་བརྩམས་ཆོས་ཀྱང་མང་པོ་ཡོད། དམ་པ་དེ་ཉིད་ཀྱིས་གཡུ་ཐོག་ཕྱག་བྲིས་མའི་རྒྱུད་བཞི་གསེར་མཆན་སོགས་གནའ་རབས་ཀྱི་ཡིག་ཆ་ཚད་ལྡན་རྣམས་ལ་ཁུངས་བཅོལ་ཏེ་རྒྱུད་བཞི་ལ་ཞུས་དག་མཛད་ཅིང་། ལྷོ་ཁ་གྲ་ཐང་དུ་སྡེ་པ་ཡར་རྒྱབ་པ་སྦྱིན་བདག་ཏུ་བསྐུལ་ནས་སྐད་གྲགས་ཆེ་བའི་གྲ་ཐང་རྒྱུད་བཞི་པར་དུ་བརྐོས་པ་དེ་ནི་རྒྱུད་བཞིའི་པར་སྔ་ཤོས་སུ་གྱུར། དེས་བོད་ཀྱི་ཡུལ་གྲུ་ཆེན་པོར་རྒྱུད་བཞི་འཆད་ཉན་དང་དར་འཕེལ་འགྲོ་རྒྱུར་ཕན་རླབས་ཆེན་པོ་ཐོན། ནང་སོ་དོན་ཡོད་སོགས་མཁས་གྲུབ་ཀྱི་སློབ་མ་མང་པོ་བསྐྱངས། སྐུ་ཚེ་ཧྲིལ་པོར་གསོ་བ་རིག་པའི་བསྟན་བཅོས་ཁོ་ན་མཛད། དགུང་ལོ་བདུན་ཅུ་ལྷག་ཙམ་འཚོ་ཞིང་བཞེས་པར་གྲགས།

language:
Tibetan

5. Thupten Phuntsok Dictionary

ཟུར་མཁར་ཉིད་རྡོ་རྗེ་དང་གདུང་རྒྱུད་གཅིག་སྟེ། རབ་བྱུང་དགུ་པའི་ས་སྦྲུལ་ལོར་སྐུ་འཁྲུངས། ཆུང་ངུའི་དུས་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་རྣམས་གསན། ཁྱད་པར་དུ་གསོ་བ་རིག་པར་འཆད་རྩོད་རྩོམ་གསུམ་གང་ལའང་ཐོགས་པ་མེད་པར་གྱུར་ཏེ། ཟུར་མཁར་གོང་མའི་བཞེད་པ་གཙོ་བོར་བསྟན་ནས་རྩ་རྒྱུད་དང་། བཤད་རྒྱུད། ཕྱི་མ་རྒྱུད་ཀྱི་ཆུ་མདོ་ཡན་གྱི་འགྲེལ་པ་མེས་པོའི་ཞལ་ལུང་ཞེས་པ་མཛད། གཞན་ཡང་རྗེ་མཉམ་ཉིད་རྡོ་རྗེའི་རྣམ་ཐར་དང་། རྒྱུད་བཞི་བཀའ་བསྟན་གྱི་འགལ་སྤོངས་ལ་ཕྱི་ལྟར་ན་སངས་རྒྱས་ཀྱི་བཀའ། ནང་ལྟར་ན་པཎྜི་ཏའི་བསྟན་བཅོས། གསང་བ་ལྟར་ན་བོད་ཀྱི་བསྟན་བཅོས་སུ་བཞེད་པ་སོགས་གསོ་དཔྱད་སྐོར་ལ་གསུང་རྩོམ་ཤིན་ཏུ་མང་ཞིང་། སྙན་ངག་མེ་ལོང་མའི་མེ་ལོང་ཞེས་པ་སོགས་རིག་གནས་གཞན་སྐོར་ལའང་སྣ་ཚོགས་མཆིས། གཡུ་ཐོག་ཕྱག་བྲིས་མའི་རྒྱུད་བཞི་གསེར་མཆན་སོགས་གནའ་རབས་ཀྱི་ཚད་ལྡན་ཡིག་ཆ་རྣམས་ལ་ཁུངས་བཅོལ་ཏེ་རྒྱུད་བཞི་ལ་ཞུས་དག་མཛད་ཅིང་ནང་སོ་ཡར་རྒྱབ་པ་སྦྱིན་བདག་ཏུ་བསྐུལ་ནས་པར་དུ་བརྐོས་པའི་གྲ་ཐང་པར་མ་ཞེས་རྒྱུད་བཞིའི་པར་སྔ་ཤོས་སུ་གྱུར་པ་དེའི་བདག་རྐྱེན་མཛད་པ་སོགས་སྐུ་ཚེ་ཧྲིལ་པོར་གསོ་བ་རིག་པའི་བསྟན་དོན་ཁོ་ན་མཛད། དགུང་ལོ་བདུན་ཅུ་ལྷག་ཙམ་བཞུགས་པར་གྲགས།

language:
Tibetan

6. smon lam tshig mdzod chen mo

ཟུར་མཁར་མཉམ་ཉིད་རྡོ་རྗེ་དང་གདུང་རྒྱུད་གཅིག་རང་བྱུང་དགུ་པའི་ས་སྦྲུལ་ལོར་སྐུ་འཁྲུངས། ཆུང་ངུའི་དུས་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་རྣམས་གསན། ཁྱད་པར་དུ་གསོ་བ་རིག་པར་འཆད་རྩོད་རྩོམ་གསུམ་གང་ལའང་ཐོགས་པ་མེད་པར་གྱུར་ཏེ། ཟུར་མཁར་གོང་མའི་བཞེད་པ་གཙོ་བོར་བསྟན་ནས་རྩ་རྒྱུད་དང༌། བཤད་རྒྱུད། ཕྱི་མ་རྒྱུད་ཀྱི་ཆུ་མདོ་ཡན་གྱི་འགྲེལ་པ་མེས་པོའི་ཞལ་ལུང་ཞེས་པ་མཛད། གཞན་ཡང་རྗེ་མཉམ་ཉིད་རྡོ་རྗེའི་རྣམ་ཐར་དང༌། རྒྱུད་བཞི་བཀའ་བསྟན་གྱི་འགལ་སྤོངས་ལ་ཕྱི་ལྟར་ན་སངས་རྒྱས་ཀྱི་བཀའ། ནང་ལྟར་ན་པཎྜི་ཏའི་བསྟན་བཅོས། གསང་བ་ལྟར་ན་བོད་ཀྱི་བསྟན་བཅོས་སུ་བཞེད་པ་སོགས་གསོ་དཔྱད་སྐོར་ལ་གསུང་རྩོམ་ཤིན་ཏུ་མང་ཞིང༌། སྙན་ངག་མེ་ལོང་མའི་མེ་ལོང་ཞེས་པ་སོགས་རིག་གནས་གཞན་སྐོར་ལའང་སྣ་ཚོགས་མཆིས། གཡུ་ཐོག་ཕྱག་བྲིས་མའི་རྒྱུད་བཞི་གསེར་མཆན་སོགས་གནའ་རབས་ཀྱི་ཚད་ལྡན་ཡིག་ཆ་རྣམས་ལ་ཁུངས་བཅོལ་ཏེ་རྒྱུད་བཞི་ལ་ཞུས་དག་མཛད་ཅིང་ནང་སོ་ཡར་རྒྱབ་པ་སྦྱིན་བདག་ཏུ་བསྐུལ་ནས་པར་དུ་བརྐོས་པའི་གྲ་ཐང་པར་མ་ཞེས་རྒྱུད་བཞིའི་པར་སྔ་ཤོས་སུ་གྱུར་པ་དེའི་བདག་རྐྱེན་མཛད་པ་སོགས་སྐུ་ཚེ་ཧྲིལ་པོར་གསོ་བའི་བསྟན་དོན་ཁོ་ན་མཛད། དགུང་ལོ་བདུན་ཅུ་ལྷག་ཙམ་བཞུགས་པར་གྲགས།

language:
Tibetan

7. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དགུ་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལེ 1509 ལོར་དྭགས་པོ་ལ་ཐོག་ཟུར་མཁར་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དཔལ་ཁང་ལོ་ཙཱ་བ་ཀརྨ་འཕྲིན་ལས་ལ་གཙུག་ཕུད་ཕུལ་ཞིང་མཚན་ལ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་ཞེས་གསོལ། ཞྭ་དམར་བ་ཆོས་གྲགས་ཡེ་ཤེས་དཔལ་བཟང་གིས་བློ་གྲོས་[1529]རྒྱལ་པོ་ཞེས་གསོལ། དེ་ནས་འཚོ་སྨད་མཁན་ཆེན་གྱི་སློབ་མ་གླང་བུ་ཆོས་རྗེ་སློབ་དཔོན་དུ་བསྟེན་ཏེ་གསོ་བ་རིག་པའི་གཞུང་ལུགས་ལ་ཐོས་བསམ་རྨད་དུ་བྱུང་བ་མཛད་ཅིང་སྨན་པའི་བདག་ཉིན་ཆེན་པོར་གྱུར། སྐྱོག་ལོ་རིན་ཆེན་བཀྲ་ཤིས་ལས་སྒྲ་དང་སྙན་ངག་གི་སྐོར་གསན་ཞིང་ཐ་སྙད་རིག་གནས་ཀུན་ལ་ནང་བྱན་ཚུད་པར་མཛད། ཀརྨ་མི་སྐྱོད་རྡོ་རྗེ་དང་ཞྭ་དམར་བ་ཆོས་གྲགས་ཡེ་ཤེས་དཔལ་བཟང་རྣམ་པ་གཉིས་ལས་མདོ་སྔགས་ཀྱི་ཆོས་སྐོར་རྣམས་གསན་པ་མཛད་ནས་གངས་ཅན་མཁས་པའི་མིག་རྒྱན་དུ་གྱུར། ཉིད་ཀྱི་གསུང་ལས་ “རིག་གནས་བཅུ་ཕྲག་གཅིག་ལ་སྦྱངས་པའི་མཐུས། མཁས་པའི་བྱ་བ་འཆད་རྩོད་རྩོམ་པ་གསུམ། མཁས་པ་མང་པོ་ཚོགས་པའི་མདུན་སར་ཡང་། མཁས་རྣམ་ཁྲེལ་བའི་གཏམ་ནི་སྨྲ་མ་མྱོང་།” ཞེས་གསུངས་སོ། རབ་བྱུང་དགུ་པའི་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ 1542 ལོར 《རྒྱུད་བཞིའི་འགྲེལ་བ་མེས་པོའི་ཞལ་ལུང་》 ལྗགས་བརྩམས་མཛད། རབ་བྱུང་དགུ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ 1546 ལོར《རྒྱུད་བཞི》 དཔར་ཤིང་གསར་དུ་བསྐྲུན། མདོར་ན་སྐུ་ཚེ་གང་བོར་གསོ་རིག་ལག་ལེན་མཛད་ནས་དུས་འདའ་བའོ། ཁོང་གི་གསུང་རྩོམ་ནི 《རྒན་པོའི་ཁ་ཆེམས》དང་། 《རང་འགྲེལ་གསེར་གྱི་ཕྲ་ཚོམ》། 《བྱེ་བ་རིང་བསྲེལ་གྱི་དཀར་ཆག་མཁས་པའི་ཡིད་འཕྲོག》། 《དད་ལྡན་སྙིམ་པའི་མེ་ཏོག》། 《རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ》། 《སྨན་གྱི་རོ་ནུས་ཞུ་རྗེས་ཀྱི་རེའུ་མིག》། 《དྲི་བ་ཙུ་ཏའི་འཁྲི་ཤིང་》། 《དྲི་བ་བློ་གསལ་འཇུག་ངོགས》། 《དྲིས་[1530]ལན་ལེགས་བཤད་སྐྱུགས་པ》། ཟླ་ཐིག་ཉིན་བྱེད་འོད་མཚོ》། དབྱར་སྐྱེས་རྔ་གསང་》། 《ག་བུར་གུར་གུམ་ཨ་གར་ཙན་དན་སོགས་ཀྱི་སྐྱོན་སེལ་འགའ་ཞིག》། 《ཆུ་སྐོལ་གྱི་རྣམ་བཤད》། 《ཤེས་བྱ་སྤྱིའི་ཁོག་འབུགས་དྲང་སོང་ཀུན་ཏུ་དགའ་བའི་ཟློས་གར་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཡངས་པོར་ཕྱེ་བ》བཅས་ཆོས་ཚན་ཉེར་བཞི་བཞུགས་སོ། །

language:
Tibetan