Skip to main content Skip to search
zur chung shes rab grags pa/
ID:
T173848
  • ཟུར་ཆུང་ཤེས་རབ་གྲགས་པ (Tibetan, Tibetan script, Original)
    • > zur chung shes rab grags pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zurchung sherap drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • ཟུར་ཆུང་ཤེས་རབ་གྲགས་པ་

    language:
    Tibetan
  • ཟུར་ཆུང་ཤེས་རབ་གྲགས་པ་ [gsang sngags rnying ma'i slob dpon zur mes dbon rnam gsum gyi ya gyal, rab byung dang po'i gong gi lo bcu bzhi pa shing stag la 'khrungs, zur po ches gsos pa'i

    language:
    Tibetan

2. bod rgya tshig mdzod chen mo

[2465] གསང་སྔགས་རྙིང་མའི་སློབ་དཔོན་ཟུར་མེས་དབོན་རྣམ་གསུམ་གྱི་ཡ་གྱལ། རབ་བྱུང་དང་པོའི་གོང་གི་ལོ་བཅུ་བཞི་པ་ཤིང་སྟག་ལ་འཁྲུངས། ཟུར་པོ་ཆེས་གསོས་པའི་བུ་དོད་ཡིན་ལ། བྲག་རྒྱ་བོ་དགུ་འདུས་ཀྱི་རྩེར་སྒྲུབ་པ་མཛད་དེ་རྫོགས་ཆེན་མངོན་པར་གྲུབ་ཅིང། སྤོབས་པ་མཐའ་ཡས་པར་གྱུར་པས་བདེ་གཤེགས་རྒྱ་བོ་པར་གྲགས། རབ་བྱུང་དང་པོའི་ཤིང་སྟག་ལོར་འདས། ...

language:
English

3. dung dkar bod rig pa'i tshig mdzod chen mo

(བདེ་གཤེགས་རྒྱ་བོ་པ་ཡང་ཞུ)གསང་སྔགས་རྙིང་མའི་སློབ་དཔོན་ཟུར་མེས་དབེན་རྣམ་གསུམ་གྱི་ཡ་གྱལ། བོད་ཤིང་སྟག(༡༠༡༤)ལོར་སྐུ་འཁྲུངས། འདི་ཉིད་ཟུར་པོ་ཆེས་གསོས་པའི་བུ་དོད་ཡིན་ཞིང་། ཟུར་པོ་ཆེའི་སློབ་མ་རྩེ་མོ་བཞིའི་ཡ་གྱལ་ལྟ་དགོངས་ཀྱི་རྩེ་མོར་གྱུར་པ་ཡིན་། བླ་མའི་བཀའ་བཞིན་མདོ་དགོངས་འདུས་གསུངས་པས་དུས་གཅིག་ལ་དཔེ་འགྲེམས་སུམ་བརྒྱ་བྱུང་། བྲག་རྒྱ་བོ་དགུ་འདུས་ཀྱི་རྩེར་སྒྲུབ་པ་མཛད་དེ་རྫོགས་ཆེན་མངོན་པར་སྤོབས་པ་མཐའ་ཡས་པར་གྱུར་པས་བདེ་གཤེགས་རྒྱ་བོ་པར་གྲགས། སྤྱིར་བདེ་གཤེགས་འདི་ལྷ་རྗེ་འུག་པ་ལུང་པའི་དགོངས་པ་ཇི་ལྟ་བ་བཞིན་དུ་ལོངས་པ། མཁྱེན་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མངའ་བ། ཆོས་ཀྱི་དོན་ལ་བློ་གྲོས་ཀྱི་སྤོབས་པ་ མཆོག་དང་ལྡན་པ་ལགས་སོ། །མཐར་རབ་བྱུང་དང་པོའི་ཤིང་སྟག(༡༠༧༤)ལོར་འབུམ་པའི་བསྙུན་གྱིས་སྐུ་འདས། འདི་ཉིད་ལ་སློབ་མ་ཀ་བ་བཞི། གདུང་རྒྱད། ལྕམ་བཅུ་དྲུག དྲལ་མ་སུམ་ཅུ་གཉིས། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག དཀྱུས་པ་མི་གཉིས། སྟ་གུར་མི་གཉིས། གོ་མ་ཆོད་མི་གསུམ་ལ་སོགས་མང་དུ་བྱུང་ངོ་། །

language:
Tibetan

4. Thupten Phuntsok Dictionary

གསང་སྔགས་རྙིང་མའི་སློབ་དཔོན་ཟུར་མེས་དབོན་རྣམ་གསུམ་གྱི་ཡ་གྱལ། རབ་བྱུང་དང་པོའི་གོང་གི་ལོ་བཅུ་བཞི་པ་ཤིང་སྟག་ལ་འཁྲུངས། ཟུར་པོ་ཆེས་གསོས་པའི་བུ་དོད་ཡིན་ལ། བྲག་རྒྱ་བོད་དགུ་འདུས་ཀྱི་རྩེར་སྒྲུབ་པ་མཛད་དེ་རྫོགས་ཆེན་མངོན་པར་གྲུབ་ཅིང་སྤོབས་པ་མཐའ་ཡས་པར་གྱུར་པས་བདེ་གཤེགས་རྒྱ་བོ་པར་གྲགས། རབ་བྱུང་དང་པོའི་ཤིང་སྟག་ལོར་འདས།

language:
Tibetan

5. smon lam tshig mdzod chen mo

གསང་སྔགས་རྙིང་མའི་སློབ་དཔོན་ཟུར་མེས་དབོན་རྣམ་གསུམ་གྱི་ཡ་གྱལ། རབ་བྱུང་དང་པོའི་གོང་གི་ལོ་བཅུ་བཞི་པ་ཤིང་སྟག་ལ་འཁྲུངས། ཟུར་པོ་ཆེས་གསོས་པའི་བུ་དོད་ཡིན་ལ། བྲག་རྒྱ་བོ་དགུ་འདུས་ཀྱི་རྩེར་སྒྲུབ་པ་མཛད་དེ་རྫོགས་ཆེན་མངོན་པར་གྲུབ་ཅིང༌། སྤོབས་པ་མཐའ་ཡས་པར་གྱུར་པས་བདེ་གཤེགས་རྒྱ་བོ་པར་གྲགས། རབ་བྱུང་དང་པོའི་ཤིང་སྟག་ལོར་འདས།

language:
Tibetan

6. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ 1014 ལོར་སྐུ་འཁྲུངས། རབ་བྱུང་དང་པོའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ 1074 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས་གསོས་ཏེ་དཔེ་ཆ་ཁྲིད་པས་ཤེས་རབ་ཤིན་ཏུ་ཆེ་བ་བྱུང་ཡང་འབྱོར་བ་ཞན་པས་དབང་དང་དཔེ་ཆ་མ་རྙེད་པའི་སྐབས་དེར་ཟུར་པོ་ཆེས་ཇོ་མོ་གཡུ་མོ་མ་སྨད་གཉིས་དང་མཉམ་དུ་བཟའ་བསྒྲིགས་བྱེད་དུ་བཅུག་སྟེ་འདོད་དོན་ཐམས་ཅད་ལེགས་པར་གྲུབ། ཟུར་པོ་ཆེ་ལ་བསྟེན་ནས་དགོངས་པ་ཇི་ལྟ་བ་བཞིན་དུ་ལོན་པ་དང་། མཁྱེན་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མངའ་ལ། ཆོས་ཀྱི་དོན་ཐམས་ཅད་ལ་བློ་གྲོས་ཀྱི་སྤོབས་པ་མཆོག་དང་ལྡན་པ་ལགས་སོ། དེ་ནས་འུག་པ་ལུང་པའི་གདན་སར་ཕེབས་ཏེ་སློབ་མ་མང་དུ་བསྐྱངས། དེ་རྗེས་གདན་ས་གཞན་ལ་གཏད་ཅིང་བྲག་རྒྱ་བོ་དགུ་འདུས་སུ་བྱོན་ཏེ། ལོ་ངོ་བཅུ་བཞིའི་རིང་དུ་སྒྲུབ་པ་ཉམས་ལེན་མཛད་པས་རྡོ་རྗེ་སེམས་དཔའི་ཞལ་གཟིགས། རྫོགས་པ་ཆེན་པོ་[1531]རང་སྣང་རིས་མེད་ཀྱི་དགོངས་པ་ཤར་ཏེ། ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པར་འགྲོ་བ་བྱུང་སྟེ། མཚན་ལ་ཡང་བདེ་གཤེགས་རྒྱ་བོ་བ་ཞེས་ཞུའོ། ཁོང་གི་སློབ་མའི་ཚོགས་ནི་ཀ་བ་བཞི་དང་། གདུང་མ་བརྒྱད། ཕྱམ་བཅུ་དྲུག དྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག དཀྱུས་པ་མི་གཉིས། སྟ་གུར་མི་གཉིས། གོ་མ་ཆོད་མི་གསུམ་ལ་སོགས་པ་མང་དུ་བྱོན། སློབ་མ་དེ་དག་ལས་གྲགས་ཆེ་བ་ཀ་བ་བཞི་ནི་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་དང་། གླན་སྟོན་ཤཱཀྱ་བཟང་པོ། ཡང་ཁེང་བླ་མ། མདའ་ཏི་ཇོ་ཤཱཀ་བཅས་དང་། གདུང་མ་བརྒྱད་ནི་མ་ཐོག་བྱང་འབར་དང་། སྐྱ་སྟོན་ཆོས་ཀྱི་སེང་གེ གླན་ཤཱཀྱ་བྱང་ཆུབ། རྩགས་ཤཱཀ་རིང་། སྣུབས་སྟོན་བག་མ། དབུས་པ་ས་འཐོར། ཤུལ་སྟོན་ཟླ་བ་གྲགས་པ། རྩེ་ཕྲོམ་བྱང་དཔལ་བཅས་ཡིན། ཁོང་ནི་འུག་པ་ལུང་པའི་གདན་རབས་གཉིས་པ་ཡིན་ནོ། །

language:
Tibetan