- zo chun khyud mo/
- ID:
- T174170
- ཟོ་ཆུན་ཁྱུད་མོ (Tibetan, Tibetan script, Original)
- > zo chun khyud mo/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > zochün khyümo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
ས་འོག་དང་ས་དམའ་སར་གནས་པའི་ཆུ་རྣམས་ས་མཐོ་སར་འདྲེན་བྱེད་ཀྱི་འཕྲུལ་འཁོར་གྱི་མིང་སྟེ། ཐག་པའི་སྟེང་དུ་ཆུ་བླུགས་པའི་སྣོད་སྤྱད་མང་པོ་བར་ཐག་འཚམ་པར་བྱས་ཏེ་བསྐོན། ཐག་པ་དེ་འཁོར་ལོའི་ཐོག་དཀྲིས་ནས་འཁོར་ལོ་འཁོར་སྐབས་འོག་ནས་ཆུ་ཁེངས་པའི་སྣོད་སྤྱད་རྣམས་གྱེན་དུ་དྲངས་ཏེ་ཆུ་ལེན་པའི་སྣོད་དང་ཞིང་ཁའི་ཡུར་བུ་སོགས་ལ་གང་དགོས་སུ་གཏོང་ཞིང་། སྣོད་སྤྱད་སྟོང་པ་རྣམས་ཁ་ཐུར་དུ་བལྟས་ནས་འོག་གི་ཆུ་ནང་འཛུལ་འགྲོ་བའི་འཕྲུལ་འཁོར་སྟབས་བདེ་ཞིག་ཡིན།
- language:
- Tibetan