- zwa ra ba skal ldan ye shes seng ge/
- ID:
- T174408
- ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེ (Tibetan, Tibetan script, Original)
- > zwa ra ba skal ldan ye shes seng ge/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > zara bakel denyé shesengé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེ་
- language:
- Tibetan
-
ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེ་ [rab byung gnyis par mon 'gar du 'khrungs, chung dus lug rdzi byas, phyis su 'gro mgon phag gru'i bu chen bzhi'i gras shig dang, gya' bzang chos rje'i bla mar gyur, rab byung gsum pa'i sa stag lor zwa ra dgon pa btab, de'i slob ma chos kyi smon lam pas gya' bzang dgon pa btab ste gya' bzang bka' brgyud ces pa byung, rab byung bzhi pa'i me yos lor gshegs
- language:
- Tibetan
2. bod rgya tshig mdzod chen mo
[2475] ། རབ་བྱུང་གཉིས་པར་མོན་འགར་དུ་འཁྲུངས། ཆུང་དུས་ལུག་རྫི་བྱས། ཕྱིས་སུ་འགྲོ་མགོན་ཕག་གྲུའི་བུ་ཆེན་བཞིའི་གྲས་ཤིག་དང། གཡའ་བཟང་ཆོས་རྗེའི་བླ་མར་གྱུར། རབ་བྱུང་གསུམ་པའི་ས་སྟག་ལོར་ཟྭ་ར་དགོན་པ་བཏབ། དེའི་སློབ་མ་ཆོས་ཀྱི་སྨོན་ལམ་པས་གཡའ་བཟང་དགོན་པ་བཏབ་སྟེ་གཡའ་བཟང་བཀའ་བརྒྱུད་ཅེས་པ་བྱུང། རབ་བྱུང་བཞི་པའི་མེ་ཡོས་ལོར་གཤེགས། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
གཡའ་བཟང་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ། རྗེ་འདི་ཉིད་རབ་བྱུང་གཉིས་པའི(སྤྱི་ལོའི་དུས་རབས་བཅུ་གཉིས་པ)ནང་མོན་འགར་དུ་སྐུ་བལྟམས། སྐུ་ཆུང་ངུའི་དུས་ལུག་རྫི་བ་མཛད་དེ་བཞུགས་སྐབས་རི་ཁ་ནས་ཕག་མོ་གྲུབ་པའི་དགོན་གྱི་རི་མཐོང་བ་ཙམ་གྱིས་སྒོམ་རང་བྱུང་དུ་ཤར། སྒོམ་ཆེན་གཉིས་ཀྱིས་སྒོམ་གྱི་གནས་ལུགས་གླེང་བར་དེ་སྒོམ་ཡིན་ན་ངས་ཀྱང་སྒོམ་ཤེས་པར་འདུག་སྙམ་ཞིང་། ཕག་མོ་གྲུབ་པའི་དགོན་པར་བྱོན་ནས་འགྲོ་མགོན་དང་མཇལ་ཏེ་ངོ་སྤྲོད་ཅིག་བཏབ་པས་རྟོགས་པ་ཁྱད་པར་ཅན་འཁྲུངས། འགྲོ་མགོན་གྱིས་མཚན་སྐལ་ལྡན་ཡེ་ཤེས་སེང་གེར་བཏགས། ཕྱིས་སུ་འགྲོ་མགོན་ཕག་གྲུའི་བུ་ཡེ་ཤེས་བཞིའི་ཡ་གྱལ་དང་གཡའ་བཟང་ཆོས་རྗེའི་བླ་མར་གྱུར། རབ་བྱུང་གསུམ་པའི་ས་སྟག(༡༡༥༨)ལོར་ཟྭ་ར་དགོན་པ་ཕྱག་བཏབ། གཡའ་བཟང་བཀའ་རྒྱུད་ནི་ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེ་དང་ཁོང་གི་སློབ་མ་གཡའ་བཟང་ཆོས་རྗེ་གཉིས་ལས་བརྒྱུད་པ་ཞིག་ཡིན། མཐར་རབ་བྱུང་བཞི་པའི་མེ་ཡོས(༡༢༠༧)ལོར་སྐུ་གཤེགས།
- language:
- Tibetan
4. smon lam tshig mdzod chen mo
རབ་བྱུང་གཉིས་པར་མོན་འགར་དུ་འཁྲུངས། ཆུང་དུས་ལུག་རྫི་བྱས། ཕྱིས་སུ་འགྲོ་མགོན་ཕག་གྲུའི་བུ་ཆེན་བཞིའི་གྲས་ཤིག་དང༌། གཡའ་བཟང་ཆོས་རྗེའི་བླ་མར་གྱུར། རབ་བྱུང་གསུམ་པའི་ས་སྟག་ལོར་ཟྭ་ར་དགོན་པ་བཏབ། དེའི་སློབ་མ་ཆོས་ཀྱི་སྨོན་ལམ་པས་གཡའ་བཟང་དགོན་པ་བཏབ་སྟེ་གཡའ་བཟང་བཀའ་བརྒྱུད་ཅེས་པ་བྱུང༌། རབ་བྱུང་བཞི་པའི་མེ་ཡོས་ལོར་གཤེགས།
- language:
- Tibetan