Skip to main content Skip to search
zla chu/
ID:
T174476
  • ཟླ་ཆུ (Tibetan, Tibetan script, Original)
    • > zla chu/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dachu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

2. bod rgya tshig mdzod chen mo

[2476] རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་ཆུ་བོ་ཆེན་པོ་ཞིག་ཆུའི་སྟོད་རྒྱུད་རྫ་ཆུ་དང་ངོམ་ཆུ་ཞེས་པ་གཉིས་ཡོད་པ་གཉིས་ཀ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གདང་ལ་རི་རྒྱུད་ཀྱི་བྱང་ངོས་ནས་བྱུང་ཞིང། བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ཆབ་མདོའི་འགྲམ་དུ་ཆུ་བོ་དེ་གཉིས་འདྲེས་རྗེས་བྲག་གཡབ་དང། མཛོ་སྒང། སྨར་ཁམས། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། ཞིང་ཆེན་དེའི་ནུབ་རྒྱུད་བཅས་བརྒྱུད་དེ་རྒྱལ་མཚམས་ཀྱི་ཕྱི་རོལ་ཏུ་འབབ་སྐབས་མིང་ལ་སྨེ་ཀུང་གཙང་པོ་ཟེར་བ་དེ་མཐར་ཡོ་ནན་གྱི་ལྷོ་རྒྱུད་ནས་ལྷོ་མཚོར་འབབ། ...

language:
English

3. dung dkar bod rig pa'i tshig mdzod chen mo

ཟླ་ཆུར་རྫ་ཆུ་དང་ངོམ་ཆུ་ཞེས་པའི་གཙང་ལག་གཉིས་ཡོད་པ་ལས་རྫ་ཆུ་ནི་མཚོ་སྔོན་རྫ་སྟོད་ཁོངས་རི་བོ་ཤྭ་ར་སྐྱ་ནས་འབབ། ངོམ་ཆུ་ནི་བོད་ལྗོངས་ཧོར་སྦྲ་ཆེན་རྫོང་ཁོངས་ཝ་མོ་ལ་རྒྱུད་ནས་བབས་ཏེ་ཆབ་མདོ་གྲོང་བརྡལ་དུ་གོང་གསལ་རྫ་ཆུ་དང་ཟླ་འགྲིལ་ནས་སྨར་ཁམས་རྫོང་བརྒྱུད་ཡུན་ནན་དུ་བཞུར་རྗེས་མེ་ཀོང་གཙང་པོར་འགྲིལ། དེ་ནས་འབར་མ་དང་། ལ་ཝོ། ཐེ་གོ། ཀམ་ཕུ་ཛ། ཝེ་ཐེ་ནམ་སོགས་རྒྱལ་ཁབ་བརྒྱུད་མཐར་ལྷོ་རྒྱ་མཚོར་འབབ་པ་ཡིན་ནོ། །

language:
Tibetan

4. Thupten Phuntsok Dictionary

(1)ཆབ་མདོའི་རྫ་ཆུ་ལའང་ཡུལ་འགའ་ཞིག་ཏུ་ཟླ་ཆུ་ཞེས་པར་ཀློག་སྲོལ་ཡོད། ཆུའི་སྟོད་རྒྱུད་རྫ་ཆུ་དང་ངོམ་ཆུ་ཞེས་པ་གཉིས་ཡོད་པ་གཉིས་ཀ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གདང་ལ་རི་རྒྱུད་ཀྱི་བྱང་ངོས་ནས་བྱུང་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ཆབ་མདོའི་འགྲམ་དུ་ཆུ་བོ་དེ་གཉིས་འདྲེས་རྗེས་བྲག་གཡབ་དང་། མཛོ་སྒང་། སྨར་ཁམས། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། ཞིང་ཆེན་དེའི་ནུབ་རྒྱུད་བཅས་བརྒྱུད་དེ་རྒྱལ་མཚམས་ཀྱི་ཕྱི་རོལ་ཏུ་འབབ་སྐབས་མིང་ལ་སྨེ་ཀུང་གཙང་པོ་ཟེར་བ་དེ་མཐར་ཡོན་ནན་གྱི་ལྷོ་རྒྱུད་ནས་ལྷོ་མཚོར་འབབ། (2)[སྒྲ་གཉིས་ལྡན་ཅན] ཟླ་ཆུ་ཁ་ནས་དཀར་མཛེས་། ཉག་རོང་བརྒྱུད་འབབ་པའི་ཆུ་བོ་དེའི་སྟོད་ཕྱོགས་ལ་ཟླ་ཆུ་དང་། སྨད་ཕྱོགས་ལ་ཉག་ཆུ་ཟེར། འདི་ལ[dzachu]ཞེས་ཀློག་སྐབས་ཆབ་མདོའི་རྫ་ཆུ་དང་ནོར་བའང་སྲིད།

language:
Tibetan

5. smon lam tshig mdzod chen mo

རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་ཆུ་བོ་ཆེན་པོ་ཞིག་ཆུའི་སྟོད་རྒྱུད་རྫ་ཆུ་དང་ངོམ་ཆུ་ཞེས་པ་གཉིས་ཡོད་པ་གཉིས་ཀ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གདང་ལ་རི་རྒྱུད་ཀྱི་བྱང་ངོས་ནས་བྱུང་ཞིང༌། བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ཆབ་མདོའི་འགྲམ་དུ་ཆུ་བོ་དེ་གཉིས་འདྲེས་རྗེས་བྲག་གཡབ་དང༌། མཛོ་སྒང༌། སྨར་ཁམས། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། ཞིང་ཆེན་དེའི་ནུབ་རྒྱུད་བཅས་བརྒྱུད་དེ་རྒྱལ་མཚམས་ཀྱི་ཕྱི་རོལ་ཏུ་འབབ་སྐབས་མིང་ལ་སྨེ་ཀུང་གཙང་པོ་ཟེར་བ་དེ་མཐར་ཡོ་ནན་གྱི་ལྷོ་རྒྱུད་ནས་ལྷོ་མཚོར་འབབ།

language:
Tibetan