- gzugs can gyi rgyan nyi shu/
- ID:
- T175588
- གཟུགས་ཅན་གྱི་རྒྱན་ཉི་ཤུ (Tibetan, Tibetan script, Original)
- > gzugs can gyi rgyan nyi shu/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > zukchen gyigyen nyishu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་གསུམ་པ་གཟུགས་ཅན་གྱི་རྒྱན་ནི། དཔེ་དང་དོན་གྱི་དངོས་པོ་གཉིས་ཕན་ཚུན་ཁག་ཁག་མ་ཡིན་པར་གཟུགས་གཅིག་གི་ངོ་བོར་དབྱེར་མེད་སྦྱོར་བའི་རྒྱན་ཞིག་སྟེ་དེའི་ནང་གསེས་ཀྱི་རྣམ་གྲངས་ཉི་ཤུ་ནི། ༡བསྡུས་པའི་གཟུགས་ཅན། ༢མ་བསྡུས་པའི་གཟུགས་ཅན། ༣བསྡུས་ཤིང་མ་བསྡུས་པའིགཟུགས་ཅན། ༤མཐའ་དག་གཟུགས་ཅན། ༥ཆ་ཤས་ཀྱི་གཟུགས་ཅན། ༦ཆ་ཤས་ཅན་གྱི་གཟུགས་ཅན། ༧ཡན་ལག་གཅིག་པའི་གཟུགས་ཅན། ༨ལྡན་པའི་གཟུགས་ཅན། ༩ལྡན་མིན་གཟུགས་ཅན། ༡༠མི་མཉམ་པའི་གཟུགས་ཅན། ༡༡ཁྱད་པར་གྱི་གཟུགས་ཅན། ༡༢འགལ་བའི་གཟུགས་ཅན། ༡༣རྒྱུའི་གཟུགས་ཅན། ༡༤སྦྱར་བའི་གཟུགས་ཅན། ༡༥དཔེའི་གཟུགས་ཅན། ༡༦ལྡོག་པ་ཅན་གྱི་གཟུགས་ཅན། ༡༧འགོག་པའི་གཟུགས་ཅན། ༡༨མཉམ་འཇོག་གི་གཟུགས་ཅན། ༡༩གཟུགས་ཅན་གྱི་གཟུགས་ཅན། ༢༠བསྙོན་དོར་གྱི་གཟུགས་ཅན་རྣམས་སོ།།
- language:
- Tibetan