Skip to main content Skip to search
gzugs med snyoms 'jug bzhi/
ID:
T175775
  • གཟུགས་མེད་སྙོམས་འཇུག་བཞི (Tibetan, Tibetan script, Original)
    • > gzugs med snyoms 'jug bzhi/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zukmé nyonjukzhi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[2504] ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པའི་སྐྱེ་མཆེད། སྲིད་རྩེའི་སྙོམས་འཇུག་སྟེ་གཟུགས་མེད་ཁམས་ཀྱི་སྙོམས་འཇུག་བཞི། ...

language:
English

2. dung dkar bod rig pa'i tshig mdzod chen mo

གཅིག ནམ་མཁའ་མཐའ་ཡས་སྐྱེ་མཆེད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད། ཅི་ཡང་མེད་པའི་སྐྱེ་མཆེད། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དང་བཞིའོ།། «ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང»ལས། ༡ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི། ཆོས་ཐམས་ཅད་སོ་སོར་བཤིག་ན་དངོས་པོ་མེད་དེ། ནམ་མཁའ་ཙམ་དུ་ཟད་ལ། ནམ་མཁའ་དེ་ཡང་མཐའ་ཡས་སོ་སྙམ་དུ་སེམས་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱའོ།། ༢རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི། ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཟད་ལ། ནམ་མཁའ་དེ་ཡང་མཐའ་ཡས་སྙམ་དུ་དམིགས་པའི་འདུ་ཤེས་དང་འགྲོགས་པའི་རྣམ་པར་ཤེས་པ་དེ་ཡང་ནམ་མཁའ་བཞིན་དུ་མཐའ་ཡས་སོ་སྙམ་དུ་མོས་པའི་ཏིང་ངེ་འཛིན་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཅེས་བྱའོ།། ༣ཅི་ཡང་མེད་པའི་སྐྱེ་མཆེད་ནི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་རྣམ་པར་ཤེས་པ་ལས་ཕ་རོལ་ན་དམིགས་པར་བྱ་བ་ཅི་ཡོད་ཅེས་བརྟགས་ན་གཟུགས་ཅན་དང་གཟུགས་མེད་པའི་ཆོས་ཅུང་ཟད་ཀྱང་ཡོད་པར་མ་མཐོང་ནས་ཅི་ཡང་མེད་དོ་སྙམ་དུ་མོས་ཤིང་སྙོམས་པར་ཞུགས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱའོ།། ༤ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ནི། ཅི་ཡང་མེད་པའི་སྐྱེ་མཆེད་ལས་ལངས་ནས་འདུ་ཤེས་འདི་ནི་ནད་དང་ཤུ་བ་དང་ཟུག་རྔུ་ལྟ་བུའོ་ཞེས་བརྟགས་ཏེ་འདུ་ཤེས་བཀག་ནས་ཇེ་ཕྲ་ཇེ་ཕྲར་གྱུར་པ་དང། འདུ་ཤེས་འདི་གཏན་མེད་ན་ཡང་རྨོངས་པར་འགྱུར་ཏེ་མི་རུང་ངོ་སྙམ་ནས་འདུ་ཤེས་ཤིན་ཏུ་ཕྲ་བ་ལ་གནས་ཏེ་སྙོམས་པར་ཞུགས་པ་ནི་འདུ་ཤེས་རགས་པ་ཡོད་པ་ཡང་མ་ཡིན་ལ་གཏན་མེད་པ་ཡང་མ་ཡིན་པས་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཅེས་བྱའོ།། ཞེས་གསུངས་སོ། གཉིས། «ཤེས་ལྡན་ཡིད་ཀྱི་དགའ་སྟོན་»ལས། ནམ་མཁའ་མཐའ་ཡས་སྙོམས་འཇུག རྣམ་ཤེས་མཐའ་ཡས་སྙོམས་འཇུག ཅི་ཡང་མེད་པའི་སྙོམས་འཇུག སྲིད་རྩེའི་སྙོམས་འཇུག་དང་བཞིའོ།། ཞེས་དྲང་ངོ་། གསུམ། «གྲངས་འདྲེན་མེ་ཏོག་ཕྲེང་སྤེལ»ལས། ནམ་མཁའ་མཐའ་ཡས་སྐྱེ་མཆེད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད། ཅི་ཡང་མེད་པའི་སྐྱེ་མཆེད། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང་བཞིའོ།། ཞེས་གསུངས་སོ།། འདི་དང་གཟུགས་མེད་རིགས་བཞི་དང་གཟུགས་མེད་སྐྱེ་མཆེད་བཞི་རྣམས་དོན་གཅིག

language:
Tibetan

3. Thupten Phuntsok Dictionary

ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པའི་སྐྱེ་མཆེད། སྲིད་རྩེའི་སྙོམས་འཇུག་སྟེ་གཟུགས་མེད་ཁམས་ཀྱི་སྙོམས་འཇུག་བཞིའོ། །

language:
Tibetan

4. smon lam tshig mdzod chen mo

ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པའི་སྐྱེ་མཆེད། སྲིད་རྩེའི་སྙོམས་འཇུག་སྟེ་གཟུགས་མེད་ཁམས་ཀྱི་སྙོམས་འཇུག་བཞིའོ། །

language:
Tibetan