Skip to main content Skip to search
yar klungs gtsang po/
ID:
T179945
  • ཡར་ཀླུངས་གཙང་པོ (Tibetan, Tibetan script, Original)
    • > yar klungs gtsang po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yarlung tsangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

{yar klungs gtsang po river

language:
English

2. bod rgya tshig mdzod chen mo

[2557] བོད་དུ་ཡོད་པའི་གཙང་པོ་ཆེ་ཤོས་ཤིག་གི་མིང། གཙང་པོ་དེ་མངའ་རིས་ས་ཁུལ་ཁོངས་སྤུ་ཧྲིང་རྫོང་གི་མཚོ་མ་ཕམ་ཤར་རྒྱུད་ནས་འབབ་ཅིང། གཙང་པོ་དེའི་སྟོད་རྒྱུད་ལ་རྟ་མཆོག་ཁ་འབབ་ཟེར། དེ་ནས་གཙང་གི་ས་ཆ་བརྒྱུད་ལྷོ་ཁ་ས་ཁུལ་ཁོངས་སྣེ་གདོང་རྫོང་གི་ཡར་ཀླུངས་ཡུལ་དུ་འབབ་སྐབས་ཡར་ཀླུངས་གཙང་པོ་ཟེར། དེ་ནས་མུ་མཐུད་ཀྱིས་ཤར་ཕྱོགས་སུ་བབ་སྟེ། ཀོང་པོ་ཉིང་ཁྲི་ས་ཁུལ་ཁོངས་མེ་ཏོག་རྫོང་གི་ཉེ་འདབས་ནས་ཁ་ལྷོ་ཕྱོགས་ལ་གཏད་ནས་ཧིན་རྡུ་དང། བྷང་ག་ལ་བརྒྱུད་ཧིན་རྡུ་རྒྱ་མཚོར་འབབ་གྱིན་ཡོད། གཙང་པོ་འདིའི་རྒྱུད་ཀྱི་བོད་ཡུལ་ས་ཁུལ་ཁག་ལ་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་གནམ་གཤིས་ཡག་པོ་ཡོད་པས། བོད་ཀྱི་མི་རིགས་ཐོག་མར་ས་ཁུལ་དེ་ནས་འཕེལ་རྒྱས་བྱུང་བ་དང། གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་གྱི་སྲིད་དོན་ལྟེ་གནས་ཤིག་རེད། ... ༼རྟ་མཆོག་ཁ་འབབ༽ ། ... ༼གཙང་པོ༽ ། ... ༼ཡར་ཀླུངས༽ ...

language:
English

3. Thupten Phuntsok Dictionary

བོད་དུ་ཡོད་པའི་གཙང་པོ་ཆེ་ཤོས་ཤིག་གི་མིང་། གཙང་པོ་དེ་མངའ་རིས་ས་ཁུལ་སྤུ་ཧྲིང་རྫོང་གི་མཚོ་མ་ཕམ་ཤར་རྒྱུད་ནས་འབབ་ཅིང་། གཙང་པོ་དེའི་སྟོད་རྒྱུད་ལ་རྟ་མཆོག་ཁ་འབབ་ཟེར། དེ་ནས་གཙང་གི་ས་ཆ་བརྒྱུད་ལྷོ་ཁ་ས་ཁུལ་ཁོངས་སྣེ་གདོང་རྫོང་གི་ཡར་ཀླུངས་ཡུལ་དུ་འབབ་སྐབས་ཡར་ཀླུངས་གཙང་པོ་ཟེར། དེ་ནས་མུ་མཐུད་ཀྱིས་ཤར་ཕྱོགས་སུ་བབ་སྟེ། ཀོང་པོ་ཉིང་ཁྲི་ས་ཁུལ་མེ་ཏོག་རྫོང་གི་ཉེ་འདབས་ནས་ཁ་ལྷོ་ཕྱོགས་ལ་གཏད་ནས་ཧིན་རྡུ་དང་། བྷང་ག་ལ་བརྒྱུད་ཧིན་རྡུ་རྒྱ་མཚོར་འབབ་གྱིན་ཡོད། གཙང་པོ་འདིའི་རྒྱུད་ཀྱི་བོད་ཡུལ་ས་ཁུལ་ཁག་ལ་ཐོན་ཁུངས་ཕུན་ཚོགས་ཤིང་གནམ་གཤིས་ཡག་པོ་ཡོད་པས། བོད་ཀྱི་མི་རིགས་ཐོག་མར་ས་ཁུལ་དེ་ནས་འཕེལ་རྒྱས་བྱུང་བ་དང་། གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་གྱི་སྲིད་དོན་ལྟེ་གནས་ཤིག་རེད། (རྟ་མཆོག་ཁ་འབབ) (གཙང་པོ) (ཡར་ཀླུངས)

language:
Tibetan

4. smon lam tshig mdzod chen mo

བོད་དུ་ཡོད་པའི་གཙང་པོ་ཆེ་ཤོས་ཤིག་གི་མིང༌། གཙང་པོ་དེ་བོད་རང་སྐྱོང་ལྗོངས་ལྷོ་རྒྱུད་ན་ཡོད། ཆུ་འགོ་ནི་རི་བོ་ཧི་མ་ལ་ཡའི་རྗེ་མ་གཡང་འཛོམས་ཡིན་ཞིང༌། དེའི་སྟོད་རྒྱུད་ལ་རྟ་མཆོག་ཁ་འབབ་ཟེར། དེ་ནས་གཙང་གི་ས་ཆ་བརྒྱུད་ལྷོ་ཁ་ས་ཁུལ་ཁོངས་སྣེ་གདོང་རྫོང་གི་ཡར་ཀླུངས་ཡུལ་དུ་འབབ་སྐབས་ཡར་ཀླུངས་གཙང་པོ་ཟེར། དེ་ནས་མུ་མཐུད་ཀྱིས་ཤར་ཕྱོགས་སུ་བབ་ཀོང་པོ་ཉིང་ཁྲི་ས་ཁུལ་ཁོངས་མེ་ཏོག་རྫོང་གི་ཉེ་འདབས་ནས་ཁ་ལྷོ་ཕྱོགས་ལ་གཏད་ནས་ཧིན་རྡུ་དང༌། བྷང་ག་ལ་བརྒྱུད་ཧིན་རྡུ་རྒྱ་མཚོར་འབབ་གྱིན་ཡོད། གཙང་པོ་འདིའི་རྒྱུད་ཀྱི་བོད་ཡུལ་ས་ཁུལ་ཁག་ལ་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་གནམ་གཤིས་ཡག་པོ་ཡོད་པས། བོད་ཀྱི་མི་རིགས་ཐོག་མར་ས་ཁུལ་དེ་ནས་འཕེལ་རྒྱས་བྱུང་བ་དང༌། གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་གྱི་སྲིད་དོན་ལྟེ་གནས་ཤིག་རེད། རྟ་མཆོག་ཁ་འབབ། གཙང་པོ། ཡར་ཀླུངས

language:
Tibetan