- yig tshang las khungs/
- ID:
- T180727
- ཡིག་ཚང་ལས་ཁུངས (Tibetan, Tibetan script, Original)
- > yig tshang las khungs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > yiktsang lekhung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. bod rgya tshig mdzod chen mo
[2569] སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་སྟེ། དེའི་ལས་འགན་ནི་དགོན་པ་ཁག་གི་ཆོས་ཁྲིམས་གནོན་རྒྱུ་དང། དགོན་པའི་འགོ་བྱེད་བསྐོ་འཐེན། རྩེ་དྲུང་གི་གོ་གནས་སྤོར་གཅོག་སོགས་ཡིན་ཞིང། དེའི་ནང་སྙན་ཞུ་འབུལ་མི་རྣམས་ཀྱི་གནད་དོན་རྣམས་ཡར་ཞུ་མར་ལན་བྱེད་མཁན་ཡིག་ཚང་གཉེར་པ་གཅིག་ལས་བྱེད་པ་རྩེ་དྲུང་དཀྱུས་མ་བཅུ་གཉིས། རི་མོ་བ་གཅིག་ཡིག་ཚང་སློབ་ཕྲུག་ཅེས་པ་ཡིག་ཚང་འཚོགས་སྐབས་དྲུང་ཡིག་ཆེན་མོ་བཞི་ལ་གསོལ་ཇ་འབུལ་མི་བཞི། ཨེ་པ་ཡོན་བདག་ཟེར་བ་གཅིག་བཅས་ཡོད། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
དེ་སྔ་བོད་གནས་སྲིད་གཞུང་སྐབས་ཀྱི་ལས་ཁུངས་ཤིག་སྟེ། ཚུགས་ཡུལ་གཙོ་བོ་རྩེ་ཕོ་བྲང་དམར་པོའི་ས་གསུམ་གྱི་འོག་རབ་གསལ་གཉིས་པ་དེ་ཡིན་ཞིང། དབྱར་དུས་ཏཱ་ལའི་བླ་མ་ནོར་གླིང་དུ་བཞུགས་སྐབས་ཡིག་ཚང་ཡང་ནོར་གླིང་དུ་ཚུགས་ཀྱི་ཡོད། དེ་སྔོན་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ནས་བཟུང་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས་དངོས་སུ་སྲིད་དབང་མ་བཞེས་བར་དུ་སྲིད་གཞུང་གི་གལ་ཆེའི་ཡིག་ཆ་རྣམས་དོ་དམ་བྱེད་པའི་ཡིག་ཚང་ཟུར་དུ་བཙུགས་ཡོད་ཀྱང། ལས་ཁུངས་ཟུར་དུ་མེད་ཅིང། རབ་བྱུང་བཅུ་གསུམ་པའི་ལྕགས་རྟ(༡༧༥༠)ལོར་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱི་བུ་ཝང་འགྱུར་མེད་རྣམ་རྒྱལ་གྱིས་མན་ཆིང་སྲིད་གཞུང་ལ་ངོ་ལོག་བྱས་པའི་ཟིང་འཁྲུག་ལྷིང་འཇགས་བཏང་རྗེས་གོང་མ་ཆེན་ལུང་གིས་བཀའ་ཕབ་པ་ལྟར་ལྕགས་ལུག(༡༧༥༡)ལོར་བོད་ས་གནས་ཀྱི་སྲིད་འཛིན་ལས་ཁུངས་གསར་པ་བཀའ་ཤག་དང་དེའི་ཕྱི་ལོར་ཡིག་ཚང་ལས་ཁུངས་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐུ་སྒེར་ཡིག་ཚང་ལྟ་བུར་འཛུགས་གནང་མཛད་པ་ཞིག་ཡིན་ཞིང། དེའི་མི་སྣ་གསེར་ཡིག་པ་ངག་དབང་འཇམ་དབྱངས་ཅན་རྩེ་དྲུང་རིམ་བཞིའི་གདན་ཐོབ་ཡོད་པ་གཅིག་དང། ལས་ཚན་པ་གཉིས། ལས་བྱ་རྩེ་དྲུང་ཁ་ཤས་བཅས་ཡོད་འདུག་ཀྱང། དེའི་རྗེས་སུ་རྩེ་རིག་གནས་སློབ་གྲྭ་ནས་ཐོན་པ་སོགས་གཞུང་ཞབས་སེར་མོ་བ་རིམ་བཞིན་འཕར་བ་དང། ལས་ཁུངས་ཁག་ལ་སེར་སྐྱ་ཉིས་སྦྲེལ་བསྐོ་འཛུགས་གནང་དགོས་པ་བཅས་ཀྱི་སྐུ་སྒེར་ཡིག་ཚང་དེ་སེར་མོ་བ་ཡོངས་ཀྱི་སྤྱི་ཁྱབ་རྩེ་ཡིག་ཚང་ལས་ཁུངས་སུ་མིང་སྒྱུར་གྱིས་དོ་དམ་པ་རིམ་བཞིའི་གདན་ཐོབ་ཡོད་པའི་རྩེ་དྲུང་གསུམ་དང། དེ་རྗེས་སྲིད་སྐྱོང་རྭ་སྒྲེང་དུས་མཁན་དྲུང་ལས་འཕར་གཅིག་བསྐོས་པས་མཁན་དྲུང་བཞི་ཡིག་ཚགས་པ་ལས་ཚན་པའི་གདན་ཐོབ་ཡོད་པའི་རྩེ་དྲུང་གཅིག་(ཡིག་ཚང་གཉེར་པ་ཞེས་འབོད་སྲོལ)ལས་བྱ་རྩེ་དྲུང་བཅོ་ལྔ་ཙམ། དབུ་མཛད་རི་མོ་བ་གཅིག། ཡིག་ཚང་སློབ་ཕྱུག་བཞི་བཅས་ལས་གྲུབ་པ་ཞིག་ཡིན། ལས་འགན་ནི། ས་གནས་སྲིད་གཞུང་གི་ཁོངས་སུ་གཏོགས་པའི་དགོན་པ་ཁག་གི་ཆོས་ཁྲིམས་དོ་དམ་དང། འགོ་བྱེད་བསྐོ་འཐེན། རྩེ་དྲུང་ཡོངས་རྫོགས་ཀྱི་གོ་གནས་བསྐོ་འབེབས། ཏཱ་ལའི་བླ་མའི་སྲིད་ཐམ་དོ་དམ་དང། ཐམ་འབེབས། ཡིག་འབྲི་སོགས་བྱེད་རྒྱུ་ཡིན་ལ་སྐབས་འགར་ཆབ་སྲིད་ཀྱི་ལས་དོན་གལ་ཆེའི་རིགས་མཁན་དྲུང་བཞི་དང། རྩིས་དཔོན་བཞི་བཅས་དྲུང་རྩིས་བརྒྱད་སྦྲེལ་ལ་བཀའ་ཤག་ནས་ཚོགས་འདུའི་དགོངས་དོན་བཀའ་མངགས་ཀྱིས་ཟུར་ཚོགས་བྱེད་དགོས་པ་དང། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་སྐབས་སུའང་དྲུང་རྩིས་བརྒྱད་སྦྲེལ་ནས་ཚོགས་འདུའི་འགོ་འདོམས་བྱས་ཏེ་གྲོས་བསྡུར་ཐོག་ཚིག་ཐོ་སྤྱི་ཐམ་བཞི(རྩེ་ཤོད་དྲུང་སྤྱི་དང། གདན་ས་གསུམ་གྱི་ཐམ་ཀ)འབྱར་བཀའ་ཤག་བརྒྱུད་ཏཱ་ལའི་བླ་མར་ཕུལ་ཏེ་ཆོག་མཆན་ཞུ་དགོས། གཞན་ཡང་རྩེ་རིག་གནས་སློབ་གྲྭའི་འགོ་ཚོ་སྟངས་འཛིན་དང་སྙེ་མོ་ཡོན་བདག་དང་ཨེ་པ་ཡོན་བདག་སོགས་ལ་བཀོད་འདོམས་ཀྱང་བྱེད་དགོས་པ་བཅས་སོ། ། དྲུང་ཡིག་ཆེ་མོ་དང་ཡིག་ཚང་གཉེར་པའི་འགན་དབང་སོགས་སྐོར་ཀ་མ་གོ་རིམ་ལྟར་སྡེ་པ་སོ་སོའི་ནང་གསལ།
- language:
- Tibetan
4. Thupten Phuntsok Dictionary
སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་སྟེ། དེའི་ལས་འགན་ནི་དགོན་པ་ཁག་གི་ཆོས་ཁྲིམས་གནོན་རྒྱུ་དང་། དགོན་པའི་འགོ་བྱེད་བསྐོ་འཐེན། རྩེ་དྲུང་གི་གོ་གནས་སྤོར་འཇོག་སོགས་ཡིན་ཞིང་། དེའི་ནང་སྙན་ཞུ་འབུལ་མི་རྣམས་ཀྱི་གནད་དོན་རྣམས་ཡར་ཞུ་མར་ལན་བྱེད་མཁན་ཡིག་ཚང་གཉེར་པ་གཅིག་ལས་བྱེད་པ་རྩེ་དྲུང་དཀྱུས་མ་བཅུ་གཉིས། རི་མོ་བ་གཅིག ཡིག་ཚང་སློབ་ཕྲུག་ཅེས་པ་ཡིག་ཚང་འཚོགས་སྐབས་དྲུང་ཡིག་ཆེན་མོ་བཞི་ལ་གསོལ་ཇ་འབུལ་མི་བཞི། ཨེ་པ་ཡོན་བདག་ཟེར་བ་གཅིག་བཅས་ཡོད།
- language:
- Tibetan
5. smon lam tshig mdzod chen mo
སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་དེའི་ལས་འགན་ནི་དགོན་པ་ཁག་གི་ཆོས་ཁྲིམས་གནོན་རྒྱུ་དང༌། དགོན་པའི་འགོ་བྱེད་བསྐོ་འཐེན། རྩེ་དྲུང་གི་གོ་གནས་སྤོར་གཅོག་སོགས་ཡིན་ཞིང༌། དེའི་ནང་སྙན་ཞུ་འབུལ་མི་རྣམས་ཀྱི་གནད་དོན་རྣམས་ཡར་ཞུ་མར་ལན་བྱེད་མཁན་ཡིག་ཚང་གཉེར་པ་གཅིག་ལས་བྱེད་པ་རྩེ་དྲུང་དཀྱུས་མ་བཅུ་གཉིས། རི་མོ་བ་གཅིག་ཡིག་ཚང་སློབ་ཕྲུག་ཅེས་པ་ཡིག་ཚང་འཚོགས་སྐབས་དྲུང་ཡིག་ཆེན་མོ་བཞི་ལ་གསོལ་ཇ་འབུལ་མི་བཞི། ཨེ་པ་ཡོན་བདག་ཟེར་བ་གཅིག་བཅས་ཡོད།
- language:
- Tibetan