- yu gu shing nag po/
- ID:
- T181762
- ཡུ་གུ་ཤིང་ནག་པོ (Tibetan, Tibetan script, Original)
- > yu gu shing nag po/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > yugu shingnakpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
3. Thupten Phuntsok Dictionary
ཤིང་མ་ལྡུམ་གྱི་ཕུང་པོ་མཐོ་ཚད་སྨི་༠.༣~༡.༢ཙམ་ཟིན་པ། སྡོང་པོ་དམར་སྨུག་ཡལ་ག་མང་ལ་ཡལ་ཕྲན་གསར་པ་ལྗང་གུའི་ཐོག་ལོ་མ་ནར་མོ་ཕྲ་ལ་འཇམ་པ་རེས་མོས་སྐྱེ་བ། ཡལ་ཕྲན་རེ་རེའི་རྩེར་མེ་ཏོག་སྔོ་དམར་འདབ་མ་ཁ་ཙར་ཟེའུ་འབྲུ་སེར་པོ་ལུག་མིག་གི་དབྱིབས་ཅན་ཆུང་ངུ་༥~༡༠ཙམ་བཞད་པ། སྨན་དུ་སྦྱར་བྱ་ནི་ལོ་སྡོང་མེ་འབྲས་ཡོངས་རྫོགས་ཡིན་པས། ཟླ་བ་༧~༨པར་བཏུས་ནས་ལོ་མར་སྔོ་ཆོལ་དང་། སྡོང་པོ་གཙབ་ནས་སྐམ་གསེད་ལེགས་ཚགས་བྱ། རོ་ཁ། ཞུ་རྗེས་བསིལ། ནུས་པས་རྨ་གསོ། རུས་ཆག་སྦྱོར། དུག་ཚད་སེལ། ཁྱད་པར་ནག་པོའི་ཁཎྜ་བྱུགས་པས་པགས་ནད་དང་ཤུ་ཐོར་སོགས་ལ་མཆོག་ཏུ་བསྔགས།
- language:
- Tibetan