- yum rgyas 'bring bsdus gsum/
- ID:
- T182041
- ཡུམ་རྒྱས་འབྲིང་བསྡུས་གསུམ (Tibetan, Tibetan script, Original)
- > yum rgyas 'bring bsdus gsum/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > yumgyé dringdüsum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
3. bod rgya tshig mdzod chen mo
[2585] ཤེར་མདོ་འབུམ་དང། ཉི་ཁྲི། བརྒྱད་སྟོང་པ་སྟེ་གསུམ། ...
- language:
- English
4. dung dkar bod rig pa'i tshig mdzod chen mo
རྒྱས་པ་འབུམ་ཕྲག་བརྒྱ་པ་ལྷའི་དབང་པོའི་གནས་ན་ཡོད། འབྲིང་བ་སྟོང་ཕྲག་བརྒྱ་པ་ཀླུའི་ཡུལ་ན་ཚང་བར་ཡོད་དེ། དེ་ལ་ཡུམ་བར་མ་ཟེར། བསྡུས་པ་ཤེས་རབ་ཁྲི་པ་ལྷ་མ་ཡིན་གྱི་ཡུལ་ན་ཡོད་དེ། ལྟ་བ་ཀློང་ཡངས་ལས། རྒྱས་པ་སྟོང་ཕྲག་རེ་རེ་ལ། འབྲིང་ནི་འབུམ་ཕྲག་བརྒྱད་པ་དང། ཐ་མ་ཤེས་རབ་ཁྲི་པ་དང། ཅེས་གསུངས་སོ། །བོད་ཡུལ་ན་ས་སྐྱའི་མཁས་པ་གཡག་ཕྲུག་སངས་རྒྱས་དཔལ་ལ་སོགས་པས། ཡུམ་རྒྱས་པ་སྟོང་ཕྲག་བརྒྱ་པ། འབྲིང་པོ་ཉི་ཁྲི། བསྡུས་པ་བརྒྱད་སྟོང་པ་ལ་བཞེད་དོ། ། པཎ་གྲུབ་རྣམས་ཀྱིས་ལུང་དྲངས་པ་ལ་དཔག་ན། ཡུམ་བར་མ་ཞེས་པ་སྟོང་ཕྲག་བརྒྱ་པ་ལ་བཞེད་པ་འདྲའོ། ། ཁ་ཅིག་གིས་རྒྱལ་བའི་ཡུམ་རྒྱས་པ་བྱེ་བ་ཕྲག་ལྔ་པ་དྲི་ཟའི་རྒྱལ་པོ་རྣམ་པར་རྒྱལ་བའི་གནས་ན་ཡོད། འབྲིང་པོ་འབུམ་ཕྲག་བརྒྱ་པ་ལྷའི་གནས་ན་ཡོད། བསྡུས་པ་འབུམ་ཀླུའི་ཡུལ་ན་ཚང་མར་བཞུགས་ཞེས་གསུངས་སོ། །
- language:
- Tibetan