Skip to main content Skip to search
yul ljongs ri mo/
ID:
T182283
  • ཡུལ་ལྗོངས་རི་མོ (Tibetan, Tibetan script, Original)
    • > yul ljongs ri mo/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yünjong rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

landscape picture

language:
English

2. Thupten Phuntsok Dictionary

ཁང་པའི་ཕྱི་རོལ་ཏུ་གནས་པའི་རང་བྱུང་ཁམས་ཀྱི་བཀོད་པ་ནང་དོན་བྱས་ནས་བྲིས་པའི་རི་མོ་ལ་ཟེར། བྲི་བྱའི་ཡུལ་ནི་རི་བྲག་དང་། རྨྱུག་ཤིང་། ཨར་ལས་བཟོ་སྐྲུན། ལམ་དང་ལམ་ཆུང་། ཁང་ཆེན། ཤིང་ནགས། རྩྭ་ཐང་། ལུང་སྟོང་། གནམ། སྤྲིན་པ། གངས་ཆར། སྨུག་པ། གཙང་པོ། མཚོ་དང་མཚེའུ། རྒྱ་མཚོ་སོགས་ཡིན། ཡུལ་ལྗོངས་རི་མོ་སྔ་ཤོས་ནི་གནའ་རབས་ཀྱི་བྲག་ཕུག་ལྡེབས་རིས་ཐོག་ཏུ་བྲིས་ཡོད། འོན་ཀྱང་དེ་དག་ནི་མི་སྣའི་རི་མོའི་རྒྱབ་ལྗོངས་ཙམ་གྱི་ནུས་པ་ལས་ཐོན་མེད། དུས་རབས་བཅུ་དགུ་པའི་རྗེས་སུ་ཧྥ་རན་སིའི་པ་པི་སུང་རི་མོའི་གྲུབ་མཐའ་དང་། འཆར་སྣང་གྲུབ་མཐའ་གཉིས་ཐོན་པར་བརྟེན། ཡུལ་ལྗོངས་རི་མོ་དེ་རང་ཚུགས་ཐུབ་པའི་རི་མོའི་རིགས་ཤིག་ཆགས་ནས་གོང་འཕེལ་ཆེན་པོ་བྱུང་བ་དང་ཆབས་གཅིག་རྒྱལ་སྤྱིའི་རི་མོའི་གར་སྟེགས་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཉེ་རབས་འཛམ་གླིང་ཐོག་ཡུལ་ལྗོངས་རི་མོ་མཁས་ཅན་ནི་དབྱིན་ཇིའི་ཁང་སི་ཐའེ་པོ་དང་། ཐུའོ་ན། ཧྥ་རན་སིའི་ཁའེ་ལོ་དང་པ་པི་སུང་གྲུབ་མཐའི་ལོ་སོའོ། ཨུ་རུ་སུའི་ཤི་ཧྲི་ཅིང་དང་ལེ་ཐུའི་ཏན་སོགས་ཐོན་ཡོད།

language:
Tibetan