- yon tan bcu bdun/
- ID:
- T184213
- ཡོན་ཏན་བཅུ་བདུན (Tibetan, Tibetan script, Original)
- > yon tan bcu bdun/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > yönten chudün (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
འབྱུང་ལྔས་སྐྱེད་པའི་སྨན་ཐམས་ཅད་ལ་ཁྱབ་པར་གནས་པའི་རླུང་སེལ་བའི་ཡོན་ཏན་ལྔ་དང་། མཁྲིས་པ་སེལ་བའི་ཡོན་ཏན་དྲུག བད་ཀན་སེལ་བའི་ཡོན་ཏན་དྲུག་བཅས་སྨན་གྱི་ཡོན་ཏན་བཅུ་བདུན་གྱི་བསྡུས་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཡོན་ཏན་བཅུ་བདུན་ནི། སྤྱིར་སྨན་གྱི་ཡོན་ཏན་ཞེས་འབྱུང་ལྔས་སྐྱེད་པའི་རྫས་གང་ཁོང་དུ་བསྟེན་པའི་ཚེ་རང་རང་གི་མཚན་ཉིད་དང་མཐུན་པའི་ལུས་ཀྱི་འབྱུང་ཁམས་གསོ་སྐྱེད་བྱེད་ཅིང་རང་དང་མཚན་ཉིད་མི་མཐུན་པ་རྣམས་འཇོམས་པར་བྱེད་པའི་ནུས་པ་དེ་ལ་ཟེར་བ་དང་། བྱེ་བྲག་ཏུ་དབྱེ་ན་འབྱུང་བ་ས་ཡི་ཁམས་ཀྱིས་ཤས་ཆེར་སྐྱེད་པའི་སྨན་ལ་འཇམ་པ་དང་། ལྕི་བ། དྲོ་བ། སྣུམ་པ། བརྟན་པ་བཅས་རླུང་སེལ་བའི་ཡོན་ཏན་ལྔ་དང་། འབྱུང་བ་ཆུ་ཡི་ཁམས་ཀྱིས་ཤས་ཆེར་སྐྱེད་པའི་སྨན་ལ་གྲང་བ་དང་། བརྟུལ་བ། བསིལ་བ། མཉེན་པ། སླ་བ། སྐམ་པ་བཅས་མཁྲིས་པ་སེལ་བའི་ཡོན་ཏན་དྲུག འབྱུང་བ་མེ་ཡི་ཁམས་ཀྱིས་ཤས་ཆེར་སྐྱེད་པའི་སྨན་ལ་སྐྱ་བ་དང་། ཚ་བ། ཡང་བ། རྣོ་བ། རྩུབ་པ། གཡོ་བ་བཅས་བད་ཀན་སེལ་བའི་ཡོན་ཏན་དྲུག་བཅས་བཅུ་བདུན་ནོ། །
- language:
- Tibetan