- g.ya' bzang chos rje chos kyi smon lam/
- ID:
- T184709
- གཡའ་བཟང་ཆོས་རྗེ་ཆོས་ཀྱི་སྨོན་ལམ (Tibetan, Tibetan script, Original)
- > g.ya' bzang chos rje chos kyi smon lam/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > yazang chöjé chökyi mönlam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. bod rgya tshig mdzod chen mo
[2617] རབ་བྱུང་གསུམ་པའི་ས་གླང་ལོ་གཙང་ཞལ་གྱི་དམར་མོར་འཁྲུངས། གདུང་རུས་གནུབས། འགྲོ་མགོན་ཕག་གྲུའི་བུ་ཆེན་བཞིའི་ཡ་གྱལ་ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེའི་སློབ་མར་གྱུར། དགུང་ལོ་སོ་བརྒྱད་པ་མེ་སྟག་ལ་ཡར་ཀླུངས་གཡའ་བཟང་དགོན་པ་བཏབ་ནས་རྒྱུན་བཞུགས་མཛད། དེ་ནས་རིམ་པར་བརྒྱུད་པ་རྣམས་ལ་གཡའ་བཟང་བཀའ་བརྒྱུད་ཅེས་གྲགས། འདུལ་བའི་བཤད་པ་དང་ལག་ལེན་གཙོ་བོར་མཛད་པས་གནུབས་འདུལ་འཛིན་དུ་ཡང་གྲགས། དགུང་ལོ་རེ་ལྔ་པ་ཆུ་སྦྲུལ་ལོར་འདས། ... ༼1169-1233༽ ... 1206...
- language:
- English
2. dung dkar bod rig pa'i tshig mdzod chen mo
(གནུབས་འདུལ་འཛིན་པ་ཡང་ཞུ)གཡའ་བཟང་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ། རྗེ་འདི་ཉིད་ཡབ་སྤྲང་མོ་ལྕམ་དང་ཡུམ་ཞང་ལྕམ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ས་གླང(༡༡༦༩)ལོར་གཙང་ཞལ་གྱི་དམར་མོར་སྐུ་བལྟམས། གདུང་རུས་གནུབས་ཡིན། སྐུ་ཆུང་ངུའི་དུས་སྒྲིན་མཁན་པོ་ཆོས་སྟོན་བྱ་བ་ལས་རབ་ཏུ་བྱུང། མཚན་ཆོས་ཀྱི་སྨོན་ལམ་དུ་གསོལ། དེ་ནས་འཆང་དཀར་དུ་སློབ་དཔོན་རྣམས་ལས་འདུལ་བ་དང་བཀའ་གདམས་གསན། དགུང་ལོ་བཅོ་བརྒྱད་པར་རྒྱ་དུར་དགོན་པར་ཕེབས་ཏེ་མཁན་པོ་ཀླབས་དཀར་དང། སློབ་དཔོན་གོང་གད་པ་གཉལ་དར་མ་གཟི་བརྗིད། གསང་སྟེ་བ་སློབ་དཔོན་མེ་ཆར་ལ་ཞུས་ཏེ་བསྙེན་པར་རྫོགས། ལོ་ལྔ་དྲུག་གི་བར་དུ་མཁན་པོའི་དྲུང་དུ་བཞུགས་ནས་འདུལ་བ་མཁས་པར་བསླབས་པ་དང། འདུལ་བའི་བཤད་པ་དང་ལག་ལེན་གཙོ་བོར་མཛད་པས་གནུབས་འདུལ་འཛིན་པར་གྲགས། དགུང་ལོ་སུམ་ཅུ་པ་ལ་འབུམ་ཞིང་དུ་འཇིག་རྟེན་བློས་བཏང་གི་སྒྲུབ་པ་མཛད། དེའི་ཕྱི་ལོར་ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེའི་དྲུང་དུ་བྱོན་ནས་སློབ་མར་གྱུར། ཟྭ་ར་བའི་དྲུང་ནས་སྙིང་པོ་ཕྱག་རྒྱ་ཆེན་པོ། ཁྱད་པརསྙན་བརྒྱུད་ཀྱི་ངོ་སྤྲོད་ཐབས་ལམ་ནཱ་རོའི་ཆོས་དྲུག་ལ་སོགས་པ་གསན། དགུང་ལོ་སོ་བརྒྱད་ལ་ཕེབས་པ་རབ་བྱུང་གསུམ་པའི་མེ་སྟག(༡༢༠༦)ལོར་ཡར་ལུང་གཡའ་བཟང་དགོན་པ་ཕྱག་བཏབ་ནས་དགོན་པར་རྒྱུན་བཞུགས་མཛད། ཡོན་བདག་སོ་སོས་གདན་དྲངས་པ་ལྟར་གཉལ་སྟོད་སྨད། མཚོ་སྣ། ལྷོ་བྲག། ཡར་ལུང་ཤར་ནུབ་རྣམས་སུ་ཕེབས་ནས་ཆོས་འཁོར་གྱི་གཙོ་བོར་བཞུགས་ནས་ཆོས་གསུངས་པའི་ཆོས་ཁྲི་ཡང་ལྷོ་བྲག་ཏུ་བཞི་བཅུ་ཞེ་ལྔ། གཉའ་དུ་བཞི་བཅུ་ཞེ་བདུན་བྱུང་བ་མ་ཟད། གནས་གཞན་དུ་ཡང་ཆོས་ཁྲི་ཧ་ཅང་མང་པོ་མཆིས་པ་བཅས་རྗེ་འདི་ལས་རིམ་པར་བརྒྱུད་པ་རྣམས་ལ་གཡའ་བཟང་བཀའ་བརྒྱུད་ཅེས་གྲགས། མཐར་དགུང་ལོ་རེ་ལྔ་ལ་ཕེབས་པ་རབ་བྱུང་བཞི་པའི་ཆུ་སྦྲུལ(༡༢༣༣)ལོར་སྐུ་གཤེགས། ཁོང་ལ་སློབ་མ་མང་དུ་བྱུང་བ་ལས་སྒོམ་བཞིར་གྲགས་པ་ནི། གཉའ་སྨད་དཔའ་རི་བ་སངས་རྒྱས་ལྟ་སྒོམ། གོར་གདོང་པ་སངས་རྒྱས་ལྷ་སྒོམ། གསེར་ལྟེ་བ་སངས་རྒྱས་ལེ་སྒོམ། དགོན་གསར་པ་སངས་རྒྱས་རྒྱ་སྒོམ་བཅས་སོ། །
- language:
- Tibetan
3. Thupten Phuntsok Dictionary
རབ་བྱུང་གསུམ་པའི་ས་གླང་ལོ་གཙང་ཞལ་གྱི་དམར་མོར་འཁྲུངས། གདུང་རུས་གནུབས། འགྲོ་མགོན་ཕག་གྲུའི་བུ་ཆེན་བཞིའི་ཡ་གྱལ་ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེའི་སློབ་མར་གྱུར། དགུང་ལོ་སོ་བརྒྱད་པ་མེ་སྟག་ལ་ཡར་ཀླུངས་གཡའ་བཟང་དགོན་པ་བཏབ་ནས་རྒྱུན་བཞུགས་མཛད། དེ་ནས་རིམ་པར་བརྒྱུད་པ་རྣམས་ལ་གཡའ་བཟང་བཀའ་བརྒྱུད་ཅེས་གྲགས། འདུལ་བའི་བཤད་པ་དང་ལག་ལེན་གཙོ་བོར་མཛད་པས་གནུབས་འདུལ་འཛིན་དུ་ཡང་གྲགས། དགུང་ལོ་རེ་ལྔ་པ་ཆུ་སྦྲུལ་ལོར་འདས།
- language:
- Tibetan
4. smon lam tshig mdzod chen mo
རབ་བྱུང་གསུམ་པའི་ས་གླང་ལོ་གཙང་ཞལ་གྱི་དམར་མོར་འཁྲུངས། (1169-1233) གདུང་རུས་གནུབས། འགྲོ་མགོན་ཕག་གྲུའི་བུ་ཆེན་བཞིའི་ཡ་གྱལ་ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེའི་སློབ་མར་གྱུར། དགུང་ལོ་སོ་བརྒྱད་པ་མེ་སྟག་ལ་ཡར་ཀླུངས་གཡའ་བཟང་དགོན་པ་བཏབ་ནས་རྒྱུན་བཞུགས་མཛད། དེ་ནས་རིམ་པར་བརྒྱུད་པ་རྣམས་ལ་གཡའ་བཟང་བཀའ་བརྒྱུད་ཅེས་གྲགས། འདུལ་བའི་བཤད་པ་དང་ལག་ལེན་གཙོ་བོར་མཛད་པས་གནུབས་འདུལ་འཛིན་དུ་ཡང་གྲགས། དགུང་ལོ་རེ་ལྔ་པ་ཆུ་སྦྲུལ་ལོར་འདས།
- language:
- Tibetan