Skip to main content Skip to search
ra che smon lam/
ID:
T185578
  • ར་ཆེ་སྨོན་ལམ (Tibetan, Tibetan script, Original)
    • > ra che smon lam/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > raché mönlam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jim Valby Dictionary

The Prayers at Ramoche (ceremony on the 30th day of the 12th Tibetan month)

language:
English

2. dung dkar bod rig pa'i tshig mdzod chen mo

བོད་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་སེ་ར་ཐེག་ཆེན་གླིང་དགོན་གྱི་གྲྭ་ཚང་གསུམ་གྱི་མཁན་བླ་དགེ་འདུན་དང་ཚོགས་ཆེན་དགེ་བསྐོས་བཅས་ར་ཆེ་གཙུག་ལག་ཁང་དུ་ཕེབས་ཏེ་སྔ་དྲོ་ཐོ་རེངས་གསོ་སྦྱོང་དང་། དེ་ནས་ཞོགས་ཚོགས་། དགུང་ཚིགས། དེ་རྗེས་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཀྱིས་སྐམ་ཚོགས་སྨོན་ལམ། དགོང་ཇ་སོགས་སྨོན་ལམ་ཆེན་མོ་དང་ཆ་འདྲ་བ་ཉིན་གཅིག་ཚོགས་རྒྱུར་གཞུང་གནས་ནས་ཇ་ཐུག་དང་། སྐུ་འགྱེད། དཔྱད་ཁྲ་སོགས་བསྩལ་ཏེ་ར་ཆེ་ཇོ་བོ་རིན་པོ་ཆེར་མཆོད་འབུལ་དང་། དགེ་འདུན་ལ་ཉིན་འཁྱོངས་གཅིག་གི་བསྙེན་བཀུར་སྩལ་སྲོལ་ཡོད་པ་འདིར་སེ་རའི་དགེ་འདུན་ཁེ་གཙང་ཡིན་འདུག

language:
Tibetan

3. Thupten Phuntsok Dictionary

བོད་ཟླ་བཅུ་གཉིས་པའི་ཚེ་སུམ་ཅུ་ཉིན་སེ་ར་ཐེག་ཆེན་གླིང་དགོན་གྱི་གྲྭ་ཚང་གསུམ་གྱི་མཁན་བླ་དགེ་འདུན་དང་ཚོགས་ཆེན་དགེ་བསྐོས་བཅས་ར་ཆེ་གཙུག་ལག་ཁང་དུ་ཕེབས་ཏེ་སྔ་དྲོ་ཐོ་རེང་གསོ་སྤྱོང་དང་། དེ་ནས་ཞོགས་ཚོགས། དགུང་ཚིགས། དེ་རྗེས་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཀྱི་སྐམ་ཚོགས་སྨོན་ལམ། དགོང་ཇ་སོགས་སྨོན་ལམ་ཆེན་མོ་དང་ཆ་འདྲ་བ་ཉིན་གཅིག་ཚོགས་རྒྱུར་གཞུང་གནས་ནས་ཇ་ཐུག་དང་། སྐུ་འགྱེད། དཔྱད་ཁྲ་སོགས་བསྩལ་ཏེ་ར་ཆེ་ཇོ་བོ་རིན་པོ་ཆེར་མཆོད་འབུལ་དང་། དགེ་འདུན་ལ་ཉིན་འཁྱོངས་གཅིག་གི་བསྙེན་བཀུར་སྩལ་སྲོལ་ཡོད་པ་འདིར་སེ་རའི་དགེ་འདུན་ཁེ་གཙང་ཡིན་འདུག

language:
Tibetan