Skip to main content Skip to search
rang rgyal tshogs na spyod pa/
ID:
T186390
  • རང་རྒྱལ་ཚོགས་ན་སྤྱོད་པ (Tibetan, Tibetan script, Original)
    • > rang rgyal tshogs na spyod pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > rangyel tsokna chöpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Def. by Jamgön Kongtrül: ནེ་ཚོ་ལྟར་ཁྱུས་ལྡིང་བ་ལ་བཤད་པའི་ཕྱིར་ཟླ་གྲོགས་དང་བཅས་ཏེ་སྒོམ་པ་གཞིར་བྱས་ནས། ཚོགས་སྤྱོད་ཆུང་ངུ་ཚོགས་བསགས་སྔར་དང་འདྲ་བ་ལས། སྲིད་པ་ཐ་མ་པའི་ཚེ་གནས་དྲུག་ལ་མཁས་པར་བྱས་ཏེ་བཟོད་འབྲིང་མན་བསྐྱེད། ལམ་ལྷག་མ་བསྐྱེད་པའི་ཕྱིར་སླར་ཡང་གནས་དྲུག་ལ་མཁས་པར་བྱས་ཏེ་སྨོན་ལམ་གསུམ་གྱིས་མཚམས་སྦྱར་བ་ལས་key བ་ཕྱི་མ་འབྲས་བུ་ཇི་ལྟར་རིགས་པ་མངོན་དུ་བྱེད་པའི་རིགས་ཅན་ཏེ་འདི་ནི་དབང་པོ་བརྟུལ་པོའོ། ། ཚོགས་སྤྱོད་ཆེན་པོ་ནི། སྔ་མ་དང་འདྲ་བ་ལས་སྲིད་པ་ཐ་མའི་ཚེ་གནས་དྲུག་ལ་མཁས་པར་བྱས་པས་བདེན་པ་མཐོང། འབྲས་བུ་དང་པོ་གསུམ་ཁང་རུང་མངོན་དུ་བྱས། དགྲ་བཅོམ་པ་ཐོབ་པར་མ་ནུས་པས་དེ་ཐོབ་ཆེད་སླར་གནས་དྲུག་ལ་མཁས་པར་བྱས་ཏེ་སྨོན་ལམ་གསུམ་གྱིས་མཚམས་སྦྱར་བས། སྐྱེ་བ་ཕྱི་མ་ལ་ཇི་ལྟར་རིགས་པའི་འབྲས་བུ་མངོན་དུ་བྱེད་པའི་རིགས་ཅན་ཏེ་འདི་ནི་དབང་པོ་འབྲིང་པོ་སྟེ། དེ་དག་སྐྱེ་བ་གཉིས་རེ་བརྒྱུད་པའོ། ། འདི་གསུམ་ག་རྟེན་འབྲེལ་ཟབ་མོ་དང་རྣམ་ཐར་སྒོ་གསུམ་ཡིད་ལ་བྱེད་ཅིང། གཞན་མ་དད་པ་བཟློག་པའི་ཆེད་དུ་རྫུ་འཕྲུལ་ཡང་ཅི་རིགས་པར་སྟོན་ལ། ཞི་བ་དང། དུལ་བས་བསོད་སྙོམས་ལ་འཇུག་པ་ན་སྒྲ་མེད་པ་ལུས་ཀྱི་རྣམ་པར་རིག་བྱེད་སྒོ་ནས་རྟེན་འབྲེལ་སོགས་རྟོགས་པར་འགྱུར་བའི་ཆོས་སྟོན་པར་ཡང་མཛད་དོ་

language:
English