- rang byung ring lugs/
- ID:
- T187010
- རང་བྱུང་རིང་ལུགས (Tibetan, Tibetan script, Original)
- > rang byung ring lugs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > rangjung ringluk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
རྩོམ་རིག་སྒྱུ་རྩལ་གྱི་གསར་རྩོམ་ནང་ཐོན་པའི་ཕྱོགས་ལྷུང་གི་རིགས་ཤིག་ཡིན། དེ་ནི་སྤི་ལོའི་དུས་རབས་བཅུ་དགུ་པའི་དུས་སྨད་དུ་བྱུང་བའི་རྩོམ་རིག་སྒྱུ་རྩལ་གྱི་བསམ་པའི་རླབས་རྒྱུན་ཞིག་ཡིན་དེའི་ངོ་བོ་ནི་ཕྱི་ཚུལ་ཐོག་ནས་དངོས་ཡོད་ཀྱི་སྣང་ཚུལ་འགའ་ཞིག་བཀོད་པ་དང་། སྒྱུ་རྩལ་གྱི་རགས་བསྡུས་ལ་སྣང་ཆུང་བྱེད་པ། བྲི་བྱའི་དོན་དང་དངོས་པོར་སྤྱི་ཚོགས་དང་ཆབ་སྲིད། སྤྱོད་ཚུལ། མཛེས་རྩལ་རིག་པ་བཅས་ཀྱིས་གདེང་འཇོག་བྱེད་རྒྱུ་ཁས་ལེན་གྱི་མེད། རང་བྱུང་རིང་ལུགས་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ལོ་རབས་དྲུག་ཅུའི་ནང་ཡོ་རོབ་ཏུ་ཐོན་པ་དང་། དུས་རབས་བདུན་ཅུ་ནས་བརྒྱད་ཅུའི་བར་ཡོ་རོབ་ནུབ་མའི་རྒྱལ་ཁབ་ཁག་གི་ནང་དུ་དར་ཁྱབ་ཆེན་པོ་བྱུང་བ་ཡིན།
- language:
- Tibetan