Skip to main content Skip to search
rang bzhin bdun/
ID:
T187459
  • རང་བཞིན་བདུན (Tibetan, Tibetan script, Original)
    • > rang bzhin bdun/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > rangzhindün (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

seven particular attributes of natural expression

language:
English

2. Ives Waldo Dictionary

7 particular attributes of natural expression

language:
English

3. Thupten Phuntsok Dictionary

མའི་མངལ་དུ་ལུས་ཆགས་པའི་དུས་སུ་ཕ་མའི་ཁུ་ཁྲག་གཉིས་ལ་འདུ་བ་ཤས་ཆེ་ཆུང་ཡོད་པའི་དབང་དང་། དེ་བཞིན་མངལ་དུ་གནས་སྐབས་མའི་ཟས་སྤྱོད་ཀྱིས་སྟོབས་ལས་འདུ་བ་ཡང་ཤས་ཆེ་ཆུང་དུ་གྱུར་པའི་དབང་གིས་མིའི་ལུས་བོངས་དང་སྤྱོད་ཚུལ་སོགས་མི་འདྲ་བའི་རླུང་གི་རང་བཞིན་དང་། མཁྲིས་པའི་རང་བཞིན། བད་ཀན་གྱི་རང་བཞིན་བཅས་རྐྱང་པ་གསུམ། རླུང་མཁྲིས་ལྡན་པའི་རང་བཞིན། བད་རླུང་ལྡན་པའི་རང་བཞིན་བཅས་ལྡན་པ་གསུམ། རླུང་མཁྲིས་བད་ཀན་འདུས་པའི་རང་བཞིན་གཅིག་བཅས་བདུན་གྱི་བསྡུས་མིང་སྟེ། བཤད་པ་སྐུའི་རྒྱུད་ལས། ཁུ་ཁྲག་མངལ་གནས་ཟས་དང་སྤྱོད་ལམ་གྱིས། ཉེས་པ་ལྷག་གྱུར་རང་བཞིན་བདུན་དུ་འགྱུར། རླུང་ཆུང་མཁྲིས་པ་འབྲིང་ལ་བད་ཀན་ཆེ། འདུས་པ་མཆོག་ཡིན་ལྡན་གསུམ་བར་མར་འགྱུར། ཞེས་གསུངས་པ་ལྟར་དང་། གཞན་ཡང་ཐ་མལ་རྟེན་གྱི་རྒྱུན་རྩ་གསུམ་དང་། མགོ་དབྱིབས་མི་འདྲ་བ་བདུན། ཀླད་པ་མི་འདྲ་བ་བདུན། རུས་མདོག་མི་འདྲ་བ་གསུམ། ཕོ་བའི་མེ་དྲོད་མི་འདྲ་བ་བཞི། ལྟོ་བ་སྲ་སྙི་བར་མ་གསུམ་བཅས་རང་བཞིན་བདུན་གྱི་སྟོབས་ལས་བྱུང་བ་ཡིན་འདུག་པས་ཞིབ་པར་རང་རང་གི་གནས་སུ་རྟོགས་པར་བྱོས་ཤིག

language:
Tibetan