- rig pa'i klong rdol ba/
- ID:
- T189674
- རིག་པའི་ཀློང་རྡོལ་བ (Tibetan, Tibetan script, Original)
- > rig pa'i klong rdol ba/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > rikpé longdölwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
རིག་རྩལ་གསར་རྩོམ་ནང་གི་རྒྱུན་སྤྱོད་ཐ་སྙད་ཅིག་ཡིན། སྒྱུ་རྩལ་མཁས་པ་ཚོས་བརྩམ་བྱ་གསར་རྩོམ་སྐབས་བློ་སྒོ་ཕྱེ་བ་དང་ངར་ཤ་སློང་བའི་སྨན་མཆོག་ཅིག་ལྟར། རང་གི་གསར་རྩོམ་དང་། དེའི་བསམ་གཞིགས་བར་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། དེར་རིག་པའི་ཀློང་རྡོལ་བ་ཟེར། རིག་པའི་ཀློང་རྡོལ་ཞེས་པ་ནི་སྤྱིར་བཏང་བྱས་ན་སྒྱུ་རྩལ་མཁས་པའི་སེམས་ཁམས་དང་གཟུགས་ཁམས་གཉིས་གཞི་མཐུན་ཅན་དུ་འགྱུར་བའི་སྐབས་ཐོན་པའི་བསམ་པའི་ངར་ཤུགས་ལས་བྱུང་བའི་བསམ་གཞིགས་ཀྱི་བྱེད་སྒོ་ཞིག་ཡིན། དེ་ནི་གཟུགས་ཁམས་ཀྱི་འཁོར་ཕྱོགས་ཤིག་ཡིན་པ་ལས། ལྐོག་འགྱུར་གྱི་བླ་སྲོག་འཁོར་ཕྱོགས་ཤིག་མིན།
- language:
- Tibetan