Skip to main content Skip to search
khyab pa'i dmigs pa bzhi/
ID:
T19008
  • ཁྱབ་པའི་དམིགས་པ་བཞི (Tibetan, Tibetan script, Original)
    • > khyab pa'i dmigs pa bzhi/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khyappé mikpazhi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • four objects of pervasion, four pervasive objects [of shamatha]; 1) རྣམ་པར་རྟོག་པ་དང་བཅས་པ་[འི་གཟུགས་བརྙན་]  conceptual 2) རྣམ་པར་རྟོག་བ་མེད་བ་['i gzugs brnyan]} non-conceptual 3) དངོས་པོའི་མཐའ་ extreme of existence/things 4) དགོས་པ་ཡོངས་གྲུབ་ perfectly established purpose) zhi gnas kyi khyab pa'i dmigs pa bzhi]

    language:
    English
  • four objects of pervasion/ pervasive objects [of shamatha]

    language:
    English

2. bod rgya tshig mdzod chen mo

[253] ཞི་གནས་ཀྱི་ཁྱབ་པའི་དམིགས་པ་བཞི་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན། དངོས་པོའི་མཐའ། དགོས་པ་ཡོངས་སུ་འགྲུབ་པ་བཅས་ཀྱི་དམིགས་པ་བཞི། ...

language:
English

3. dung dkar bod rig pa'i tshig mdzod chen mo

རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན། རྣམ་རྟོག་མེད་པའི་གཟུགས་བརྙན། དངོས་པོའི་མཐའ། དགོས་པ་ཡོངས་གྲུབ། ༡་རྣམ་པར་རྟོག་པ་བཅས་པའི་གཟུགས་བརྙན་ཞེས་པ་ནི། དམིགས་རྟེན་དེ་ལེ་དམིགས་ནས་དཔྱད་པ་བྱེད་པའི་ཚེ་དཔྱོད་བྱེད་ཀྱི་རྣམ་རྟོག་ཡོད་པར་བརྟེན་རྣམ་རྟོག་དང་བཅས་པ་ཞེས་དང༌། གཟུགས་བརྙན་ཞེས་པ་དམིགས་རྟེན་རང་མཚན་པ་དེ་དངོས་མིན་པར་དེའི་རྣམ་པ་སེམས་ལ་འཆར་བ་ལ་ཟེར། ༢རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ནི་དམིགས་རྟེན་དེ་ལ་དམིགས་པའི་ཚེ་དཔྱད་པ་མ་བྱེད་པར་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་ཞིང༌། དེའི་ཚེ་དཔྱོད་བྱེད་ཀྱི་རྣམ་རྟོག་མེད་པའི་ཆ་ནས་དེ་ལྟར་བརྗོད་པ་ཡིན། དམིགས་པ་དེ་གཉིས་དམིགས་བྱེད་སེམས་ཀྱི་སྒོ་ནས་འཇོག་པ་ཡིན་ཅིང༌། དང་པོ་དེ་ལྷག་མཐོང་གི་དམིགས་པ་ཡིན་པ་དང༌། གཉིས་པ་དེ་ཞི་གནས་ཀྱི་དམིགས་པ་ཡིན། ༣དངོས་པོའི་མཐའ་ནི། འདུས་བྱས་ཀྱི་ཆོས་ཐམས་ཅད་ཕུང་པོ་ལྔར་འདུས་པ་དང༌། ཐར་པ་དོན་གཉེར་གྱི་བླང་དོར་གྱི་གཞིར་གྱུར་པའི་ཤེས་བྱ་ཐམས་ཅད་བདེན་པ་བཞིར་འདུས་ལུགས་བསམ་ནས་དེའི་རྗེས་སུ་གྲངས་ངེས་པར་ཐག་བཅད་ནས་སེམས་མ་གཡེང་བར་འཇོག་པ་ཡིན། དེ་ནི་དམིགས་པ་བྱ་ཡུལ་གྱི་སྒོ་ནས་བཞག་པ་ཡིན། ༤དགོས་པ་ཡོངས་སུ་གྲུབ་པ་ནི། དམིགས་རྟེན་དེ་དག་གི་གཟུགས་བརྙན་ལ་ཞི་གནས་དང་ལྷག་མཐོང་གཉིས་ཀྱིས་དམིགས་ནས་རྒྱུན་མི་འཆད་པར་བསམ་ནས་གོམས་འདྲིས་བྱས། ཡང་ནས་ཡང་དུ་སྒོམ་པ་ལ་བརྟེན་ནས་ལུས་ཤིན་སྦྱངས་དང༌། སེམས་ཤིན་སྦྱངས་སྐྱེ་བ་ནི་དགོས་པའི་གཙོ་བོ་ཡིན་པས་དམིགས་པ་བཞི་པ་འདི་འབྲས་བུའི་སྒོ་ནས་འཇོག་པ་ཡིན། ཞིབ་པར<<ལམ་རིམ>>གྱི་ཞི་གནས་སྐབས་སུ་གསལ།

language:
Tibetan

4. Thupten Phuntsok Dictionary

ཞི་གནས་ཀྱི་ཁྱབ་པའི་དམིགས་པ་བཞི་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན། དངོས་པོའི་མཐའ། དགོས་པ་ཡོངས་སུ་འགྲུབ་པ་བཅས་ཀྱི་དམིགས་པ་བཞིའོ། །

language:
Tibetan

5. smon lam tshig mdzod chen mo

ཞི་གནས་ཀྱི་ཁྱབ་པའི་དམིགས་པ་བཞི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན། དངོས་པོའི་མཐའ། དགོས་པ་ཡོངས་སུ་འགྲུབ་པ་བཅས་ཀྱི་དམིགས་པ་བཞིའོ། །

language:
Tibetan