- rin po che rgyal tsha/
- ID:
- T190778
- རིན་པོ་ཆེ་རྒྱལ་ཚ (Tibetan, Tibetan script, Original)
- > rin po che rgyal tsha/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > rinpo chegyeltsa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. bod rgya tshig mdzod chen mo
[2699] ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་སློབ་མ་ཁྲོ་ཕུ་བཀའ་བརྒྱུད་པའི་གཙོ་བོ་ཞིག་སྟེ། རབ་བྱུང་གཉིས་པའི་ས་ཕོ་ཁྱི་ལ་གཙང་གི་ཤབ་སྨད་དུ་འཁྲུངས། ཞང་པོ་གནུབས་ཀྱི་རྒྱལ་ཕྲན་ཞིག་ཡིན་པས་རྒྱལ་བའི་ཚ་བོར་གྲགས། རབ་བྱུང་གསུམ་པའི་ལྕགས་ཡོས་ལོར་ཁྲོ་ཕུར་ལྷ་ཁང་དང་གྲྭ་ཤག་བཞེངས་ཏེ་སློབ་མ་འདུས་ནས་ཁྲིད་བཏབ། ཤིང་ཡོས་ལོ་ལ་འདས། ... ༼1118-1195༽ ...
- language:
- English
2. dung dkar bod rig pa'i tshig mdzod chen mo
(རྒྱལ་ཚ་རིན་ཆེན་མགོན་ཡང་ཞུ)ཁྲོ་ཕུ་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ། རྗེ་འདི་ཉིད་རབ་བྱུང་གཉིས་པའི་ས་ཁྱི(༡༡༡༨)ལོར་ཡབ་གནུབས་ཀྱི་གདུང་རྒྱུད་དང་། ཡུམ་ལྷ་གཅིག་གི་སྲས་སུ་ཤབ་སྨད་འཇལ་དུ་སྐུ་འཁྲུངས། དགུང་ལོ་ལྔ་ནས་ཡིག་རྩིས་བསླབས། སྐུ་ཆུང་ངུའི་དུས་ནས་འཇིག་རྟེན་ལ་མི་མཉེས་ཤིང་ཆོས་ལ་དགྱེས་པ་ཞིག་ཡོད། སློབ་དཔོན་གན་ཆག་པ་དང། གནུར་ཉི་མ། རམ་སྡིམ་མ་བ། དགེ་བཤེས་རྩི་ཉན་སོགས་བླ་མ་མང་པོ་བསྟེན་ནས་ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་པར་དབུས་སུ་ཕེབས་ཏེ་གཡོར་པོ་ལུགས་སྨད་དུ་པུ་ཧྲེངས་ལོ་ཙྭ་བའི་དངོས་སློབ་དམར་ཆོས་ཀྱི་རྒྱལ་པོ། མེས་སྟོན་ཀུན་སྙིང། རྔོག་མདོ་སྡེ་སོགས་བསྟེན། དགུང་ལོ་ཉི་ཤུ་རྩ་ལྔ་པར་རང་ཡུལ་དུ་བྱོན་ནས་ཆེ་སདོན་མཛད་ཅིང་། ཆོས་འགའ་རེ་ཡང་གསུངས། དེ་ནས་བྲག་དཀར་པོ་བ། ཞུ་དོན་མོ་རི་བ་སོགས་བླ་མ་མང་པོ་ལས་ཆོས་གསན། བླ་མ་དམར་གྱིས་ཕག་མོ་གྲུར་བརྫངས་པ་ལྟར་བྱོན་ནས་ཕག་མོ་གྲུ་པའི་སྐུ་མདུན་ནས་ཆོས་གདམས་ངག་མང་དུ་གསན་ཅིང་། དེར་ཕྱག་རྒྱ་ཆེན་པོའིརྟོག་པ་ཁྱད་པར་ཅན་འཁྲུངས། དགུང་ལོ་ལྔ་བཅུ་རྩ་བཞི་པར་དོན་མི་རིར་བྱོན་ནས་མཁན་པོ་ཞང་ཞི་མཛེས་ལས་བསྙེན་པར་རྫོགས། རབ་བྱུང་གསུམ་པའི་ལྕགས་ཡོས(༡༡༧༡)ལོར་ཁྲོ་ཕུ་དགོན་པ་བཏབ་ནས་དགེ་འདུན་ཉི་ཤུ་ཙམ་བསྡུས། དེ་ནས་བཟུང་ཁྲོ་ཕུ་བཀའ་བརྒྱུད་བྱ་བ་བྱུང་། མཐར་དགུང་ལོ་བདུན་བཅུ་རྩ་བརྒྱད་པ་རབ་བྱུང་གསུམ་པའི་ཤིང་ཡོས(༡༡༩༥)ལོར་སྐུ་གཤེགས།
- language:
- Tibetan
3. Thupten Phuntsok Dictionary
ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་སློབ་མ་ཁྲོ་ཕུ་བཀའ་བརྒྱུད་པའི་གཙོ་བོ་ཞིག་སྟེ། རབ་བྱུང་གཉིས་པའི་ས་ཕོ་ཁྱི་ལ་གཙང་གི་ཤབ་སྨད་དུ་འཁྲུངས། ཞང་པོ་གནུབས་ཀྱི་རྒྱལ་ཕྲན་ཞིག་ཡིན་པས་རྒྱལ་བའི་ཚ་བོར་གྲགས། རབ་བྱུང་གསུམ་པའི་ལྕགས་ཡོས་ལོར་ཁྲོ་ཕུར་ལྷ་ཁང་དང་གྲྭ་ཤག་བཞེངས་ཏེ་སློབ་མ་འདུས་ནས་ཁྲིད་བཏབ་ཤིང་ཡོས་ལོ་ལ་འདས།
- language:
- Tibetan
4. smon lam tshig mdzod chen mo
ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་སློབ་མ་ཁྲོ་ཕུ་བཀའ་བརྒྱུད་པའི་གཙོ་བོ་ཞིག་རབ་བྱུང་གཉིས་པའི་ས་ཕོ་ཁྱི་ལ་གཙང་གི་ཤབ་སྨད་དུ་འཁྲུངས། ཞང་པོ་གནུབས་ཀྱི་རྒྱལ་ཕྲན་ཞིག་ཡིན་པས་རྒྱལ་བའི་ཚ་བོར་གྲགས། རབ་བྱུང་གསུམ་པའི་ལྕགས་ཡོས་ལོར་ཁྲོ་ཕུར་ལྷ་ཁང་དང་གྲྭ་ཤག་བཞེངས་ཏེ་སློབ་མ་འདུས་ནས་ཁྲིད་བཏབ། ཤིང་ཡོས་ལོ་ལ་འདས། 11181195
- language:
- Tibetan