- rin po che sna lnga/
- ID:
- T190788
- རིན་པོ་ཆེ་སྣ་ལྔ (Tibetan, Tibetan script, Original)
- > rin po che sna lnga/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > rinpo chenanga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
-
the five precious substances. gold, silver, turquoise, coral, pearl
- language:
- English
-
the five precious metals
- language:
- English
2. Ives Waldo Dictionary
-
the five precious substances [gold, silver, turquoise, coral, pearl]
- language:
- English
-
the five precious substances
- language:
- English
4. Thupten Phuntsok Dictionary
གསེར་ལ་སོགས་པའི་རིན་པོ་ཆེ་སྣ་ལྔའི་བསྡུས་མིང་སྟེ། རིན་ཆེན་འབར་བ་ལས། གསེར་དངུལ་མུ་ཏིག་བྱུ་རུ་དང་། ནོར་བུ་རིན་ཆེན་རིན་ཆེན་ལྔ། ཞེས་གསུངས་པ་དང་། སློབ་དཔོན་ཉིན་འབྱུང་ཟླ་བས། གསེར་དང་དངུལ་དང་ཟངས་དང་མུ་ཏིག་དང་། བྱུ་རུ་དང་ལྔར་རིན་ཆེན་སྣ་ལྔའོ། །ཞེས་དང་། སློབ་དཔོན་ཤནྟི་པའི་བཞི་བརྒྱ་ལྔ་བཅུའི་འགྲེལ་པར། རིན་པོ་ཆེ་ལྔ་ནི། མུ་ཏིག་དང་། གསེར་དང་། དངུལ་དང་། བྱུ་རུ་དང་། མུ་མེན་ནོ། །ཞེས་དང་། འདུལ་བ་རྣམ་འབྱེད་ཀྱི་འགྲེལ་པ་ལས། རིན་པོ་ཆེ་རིགས་ལྔ་བཤད་པ་ལས། རིན་པོ་ཆེ་དམར་པོ་རྣམས་སོ། །ཞེས་གསུངས། དེ་ལྔའི་ངོ་བོ་ཡང་པཎྜི་ཏ་ཚུལ་ཁྲིམས་བསྐྱངས་ཀྱིས། བཻཌཱུརྱ་དང་། མེ་ཤེལ་དཀར་པོ་དང་། རྡོ་ཡི་སྙིང་པོ་སྤུག་དང་། རིན་པོ་ཆེ་དམར་པོ་རྣམས་སོ། །ཞེས་གསུངས། དེ་ལྔའི་ངོ་བོ་ཡང་པཎྜི་ཏ་ཚུལ་ཁྲིམས་བསྐྱངས་ཀྱིས། བཻ་ཌཱུརྱ་ནི་རི་བོ་བཻ་ཌཱུརྱ་ལས་བྱུང་བས་ན་བཻ་ཌཱུརྱ་ཞེས་བྱ་སྟེ། དེ་ནི་བོད་སྐད་དུ་ཤིན་ཏུ་དྭངས་པ་ཞེས་པས་ཤས་ཆེར་སྔོན་པོའོ། །མེ་ཤེལ་དཀར་པོ་ནི། ཤངྈ་ཤི་ལ་ཞེས་བྱ་སྟེ། དེ་ནི་དུང་གི་རྣམ་པ་ལྟར་མཆོག་ཏུ་དཀར་བ་དང་། རྡོའི་སྙིང་པོ་ནི་མརྒད་དོ། སྤུག་ནི་རིན་པོ་ཆེ་ཁྲ་བོའོ། །དམར་པོ་ནི་པདྨ་རཱ་ག་ལ་བྱའོ། །ཞེས་དང་། གཞན་ཡང་དབྱེ་ཚུལ་མི་འདྲ་བ་ཡང་མཆིས་པས་སླད་དཔྱོད་ལྡན་དག་གིས་དཔྱོད་ཅིག
- language:
- Tibetan