Skip to main content Skip to search
rung min gzhi bcu/
ID:
T191397
  • རུང་མིན་གཞི་བཅུ (Tibetan, Tibetan script, Original)
    • > rung min gzhi bcu/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > rungmin zhichu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

2. bod rgya tshig mdzod chen mo

[2710] སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་ཚེ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་སྤྱད་དུ་རུང་བར་འདོད་པའི་ལས་བཅུ་དེ་ཕྱིས་བསྡུ་བ་གཉིས་པའི་སྐབས་སུ་རུང་བ་མ་ཡིན་པར་བཅས་པ་མཛད་པའི་གཞི་བཅུ་སྟེ། ཆོས་མིན་གྱི་ལས་བྱས་ན་མཇུག་ཏུ་ཧུ་ལུ་ཧུ་ལུ་ཞེས་བརྗོད་པ་དང། དགེ་འདུན་ལྷག་མ་རྣམས་རྗེས་སུ་ཡི་རང་བྱས་པས་དག་པར་འདོད་པ། ནད་པས་སྲིན་བུ་པད་མའི་འཇིབ་ལུགས་ལྟ་བུས་གཞིབ་ནས་ཆང་བཏུང་རུང་བར་འདོད་པ། ས་གཞི་འདི་ཀུན་གྱིས་སྤྱོད་རུང་བས་སྲོག་ཆགས་ལ་གནོད་པ་མེད་པར་ལག་པས་ས་བརྐོ་རུང་བར་འདོད་པ། ལན་ཚྭ་བཏབ་ན་ཟས་ཀྱི་རོ་འགྱུར་བས་དུས་མིན་གྱི་ཁ་ཟས་ཟ་རུང་བར་འདོད་པ། ཟས་སྤངས་ཟིན་ནས་ལམ་རྒྱང་གྲགས་ཕྱེད་ཙམ་བརྒལ་ནས་སླར་ཡང་ཟ་རུང་བ་དང། ཟས་སྤངས་ནས་ལྷག་པོར་བྱེད་མི་དགོས་པར་སླར་སོར་མོ་གཉིས་ཀྱིས་རེག་ནས་ཟ་རུང་བར་འདོད་པ། དུས་རུང་དང་དུས་མ་ཡིན་པར་རུང་བ་གཉིས་བསྲེས་ཏེ་དཀྲུགས་ན་ཕྱི་དྲོར་བཏུང་རུང་བར་འདོད་པ། གདིང་བ་རྙིང་པ་ནས་བདེ་བར་གཤེགས་པའི་མཐོ་གང་ལྷན་མི་དགོས་པར་འདོད་པ། དགེ་ཚུལ་གྱི་མགོ་སྟེང་དུ་ཁྲིའུ་སྟན་དང་བཅས་པའི་སྟེང་མེ་ཏོག་གི་ཕྲེང་བས་བརྒྱན་པའི་ལྷུང་བཟེད་བཞག་སྟེ། གསེར་དངུལ་སོགས་འབུལ་བ་དེར་བླུགས་པ་ཕྱིས་དགེ་སློང་རང་ཉིད་ཀྱིས་རེག་ཆོག་པར་འདོད་པ་རྣམས་སོ། ...

language:
English

3. Thupten Phuntsok Dictionary

སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་ཚེ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་སྤྱད་དུ་རུང་བར་འདོད་པའི་ལས་བཅུ་དེ་ཕྱིས་བསྡུ་བ་གཉིས་པའི་སྐབས་སུ་རུང་བ་མ་ཡིན་པར་བཅས་པ་མཛད་པའི་གཞི་བཅུ་སྟེ། ཆོས་མིན་གྱི་ལས་བྱས་ན་མཇུག་ཏུ་ཧུ་ལུ་ཧུ་ལུ་ཞེས་བརྗོད་པ་དང་། དགེ་འདུན་ལྷག་མ་རྣམས་རྗེས་སུ་ཡི་རང་བྱས་པས་དག་པར་འདོད་པ། ནད་པས་སྲིན་བུ་པད་མའི་འཇིབ་ལུགས་ལྟ་བུས་གཞིབ་ནས་ཆང་བཏུང་རུང་བར་འདོད་པ། ས་གཞི་འདི་ཀུན་གྱིས་སྤྱོད་རུང་བས་སྲོག་ཆགས་ལ་གནོད་པ་མེད་པར་ལག་པས་ས་བརྐོ་རུང་བར་འདོད་པ། ལན་ཚྭ་བཏབ་ན་ཟས་ཀྱི་རོ་འགྱུར་བས་དུས་མིན་གྱི་ཁ་ཟས་ཟ་རུང་བའི་བར་འདོད་པ། ཟས་སྤངས་ཟིན་ནས་ལམ་རྒྱང་གྲགས་མེད་ཙམ་བརྒལ་ནས་སླར་ཡང་ཟ་རུང་བ་དང་། ཟས་སྤངས་ནས་ལྷག་པོར་བྱེད་མི་དགོས་པར་སླར་སོར་མོ་གཉིས་ཀྱིས་རེག་ནས་ཟ་རུང་བར་འདོད་པ། དུས་རུང་དང་དུས་མ་ཡིན་པར་རུང་བ་གཉིས་བསྲེས་ཏེ་དཀྲུགས་ན་ཕྱི་དྲོར་བཏུང་རུང་བར་འདོད་པ། གདིང་རྙིང་པ་ནས་བདེ་བར་གཤེགས་པའི་མཐོ་གང་ལྷན་མི་དགོས་པར་འདོད་པ། དགེ་ཚུལ་གྱི་མགོ་སྟེང་དུ་ཁྲིའུ་སྟན་དང་བཅས་པའི་སྟེང་མེ་ཏོག་གི་ཕྲེང་བས་བརྒྱན་པའི་ལྷུང་བཟེད་བཞག་སྟེ། གསེར་དངུལ་སོགས་འབུལ་བ་དེར་བླུགས་པ་ཕྱིས་དགེ་སློང་རང་ཉིད་ཀྱིས་རེག་ཆོག་པར་འདོད་པ་རྣམས་སོ། །

language:
Tibetan

4. smon lam tshig mdzod chen mo

སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་ཚེ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་སྤྱད་དུ་རུང་བར་འདོད་པའི་ལས་བཅུ་དེ་ཕྱིས་བསྡུ་བ་གཉིས་པའི་སྐབས་སུ་རུང་བ་མ་ཡིན་པར་བཅས་པ་མཛད་པའི་གཞི་བཅུ་ཆོས་མིན་གྱི་ལས་བྱས་ན་མཇུག་ཏུ་ཧུ་ལུ་ཧུ་ལུ་ཞེས་བརྗོད་པ་དང༌། དགེ་འདུན་ལྷག་མ་རྣམས་རྗེས་སུ་ཡི་རང་བྱས་པས་དག་པར་འདོད་པ། ནད་པས་སྲིན་བུ་པད་མའི་འཇིབ་ལུགས་ལྟ་བུས་གཞིབ་ནས་ཆང་བཏུང་རུང་བར་འདོད་པ། ས་གཞི་འདི་ཀུན་གྱིས་སྤྱོད་རུང་བས་སྲོག་ཆགས་ལ་གནོད་པ་མེད་པར་ལག་པས་ས་བརྐོ་རུང་བར་འདོད་པ། ལན་ཚྭ་བཏབ་ན་ཟས་ཀྱི་རོ་འགྱུར་བས་དུས་མིན་གྱི་ཁ་ཟས་ཟ་རུང་བར་འདོད་པ། ཟས་སྤངས་ཟིན་ནས་ལམ་རྒྱང་གྲགས་ཕྱེད་ཙམ་བརྒལ་ནས་སླར་ཡང་ཟ་རུང་བ་དང༌། ཟས་སྤངས་ནས་ལྷག་པོར་བྱེད་མི་དགོས་པར་སླར་སོར་མོ་གཉིས་ཀྱིས་རེག་ནས་ཟ་རུང་བར་འདོད་པ། དུས་རུང་དང་དུས་མ་ཡིན་པར་རུང་བ་གཉིས་བསྲེས་ཏེ་དཀྲུགས་ན་ཕྱི་དྲོར་བཏུང་རུང་བར་འདོད་པ། གདིང་བ་རྙིང་པ་ནས་བདེ་བར་གཤེགས་པའི་མཐོ་གང་ལྷན་མི་དགོས་པར་འདོད་པ། དགེ་ཚུལ་གྱི་མགོ་སྟེང་དུ་ཁྲིའུ་སྟན་དང་བཅས་པའི་སྟེང་མེ་ཏོག་གི་ཕྲེང་བས་བརྒྱན་པའི་ལྷུང་བཟེད་བཞག་གསེར་དངུལ་སོགས་འབུལ་བ་དེར་བླུགས་པ་ཕྱིས་དགེ་སློང་རང་ཉིད་ཀྱིས་རེག་ཆོག་པར་འདོད་པ་རྣམས་སོ།

language:
Tibetan