Skip to main content Skip to search
rong tha blo bzang dam chos rgya mtsho/
ID:
T192439
  • རོང་ཐ་བློ་བཟང་དམ་ཆོས་རྒྱ་མཚོ (Tibetan, Tibetan script, Original)
    • > rong tha blo bzang dam chos rgya mtsho/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > rongta lozang damchö gyamtso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

1863-1917; 1863-1917. the rong tha che tshang sprul sku

language:
English

2. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ 1865 ལོར་མདོ་ཁམས་སྒ་ལུང་སྟེ་ད་ལྟའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་སྐུ་འཁྲུངས། འདས་ལོ་མི་གསལ། དགུང་ལོ་དགུ་པར་ཡུལ་ཤུལ་རྫོང་འགྲོས་མདའ་ཞམ་གྱི་ཁོངས་གཏོགས་རག་(རྭ)ཉག་ཕུན་ཚོགས་ཐེག་ཆེན་གླིང་གི་ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་། དེ་ནས་ཡི་གེའི་སྦྱོར་ཀློག་ནས་བཟུང་སྟེ་སྡེ་སྣོད་གསུམ་དང་[1632]རྒྱུད་སྡེ་བཞི་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། དགུང་ལོ་བཞི་བཅུ་ཞེ་བདུན་པ་རབ་བྱུང་བཅོ་ལྔ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ 1911 ལོར་འཇིགས་བྱེད་དབང་ཆོག་ལྗགས་བརྩམས་གནང་། མདོར་ན་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་དོ། །ཁོང་གི་གསུང་རྩོམ་ནི《འཇམ་དཔལ་མཚན་བརྗོད་ཀྱི་རྣམ་བཤད》དང་། 《མངོན་རྟོགས་རྒྱན་གྱི་ཟིན་ཐོ་ཕར་ཕྱིན་གཞུང་བརྒྱ་གསལ་བའི་མེ་ལོང》། 《རྟགས་རིགས་དང་བློ་རིག་གི་རྣམ་གཞག་བློ་གསལ་ཡིད་ཀྱི་དགའ་སྟོན་རིགས་པའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག》། 《བྱང་ཆུབ་ལམ་རིམ་གྱི་བདེ་ལམ་གཞུང་དོན་གསལ་བཤད་ལེགས་བཤད་ནོར་བུའི་དོ་ཤལ། 《དཔག་བསམ་འཁྲི་ཤིང་གི་འགྲེལ་བ》། 《ཨ་ཕྱིའི་སྒྲུབ་ཐབས་མདོར་བསྡུས》བཅས་ཆོས་ཚན་བརྒྱ་དང་སུམ་ཅུ་སོ་དྲུག་ལོངས་པའི་པོད་བཞི་བཞུགས་སོ། །

language:
Tibetan