Skip to main content Skip to search
rong zom chos kyi bzang po/
ID:
T192466
  • རོང་ཟོམ་ཆོས་ཀྱི་བཟང་པོ (Tibetan, Tibetan script, Original)
    • > rong zom chos kyi bzang po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > rongzom chökyi zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Rongzom Pandita, Chökyi Sangpo 11th cent: 1012-1088

language:
English

2. Ives Waldo Dictionary

{rong zom chos kyi bzang po

language:
English

3. Jim Valby Dictionary

11th century author of theg pa chen po'i tshul la 'jug pa

language:
English

4. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་གཙང་སྨད་ཀྱི་སྣར་ལུང་རོང་དུ་ཡབ་རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱི་སྲས་སུ་སྐུ་འཁྲུངས། མར་པ་དོ་བ་ཆོས་ཀྱི་དབང་ཕྱུག (1042—1136) དང་དུས་མཉམ་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་མགར་སྟོན་ཚུལ་ཁྲིམས་བཟང་པོ་དང་མདོ་སྟོན་སེང་གེ་རྒྱལ་མཚན་སོགས་ལ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་ཕུལ་དུ་ཕྱིན་པ་མཛད་ཅིང་དགུང་ལོ་བཅུ་གསུམ་གྱི་སྐབས་སུ་རིག་པའི་རྩལ་རྫོགས་ཤིང་གངས་ཅན་མཁས་པའི་གཙུག་རྒྱན་དུ་གྱུར། དེ་ནས་རྒྱ་གར་གྱི་པཎྜི་ཏ་མཉྫུ་ཝརྨ་དང་། མཉྫུ་ཤྲཱི་ཛྙན། ཨུ་པཱ་ཡ་ཤྲཱི་མི་ཏྲ། བུདྡྷ་ཨཱ་ཀ་ར་ལྷ་དྲ། དེ་བ་ཀ་ར་ཙནྡྲ། པ་ར་མེ་ཤྭ་ར། ཨ་མོ་གྷ་བཛྲ་སོགས་ལ་བསྟེན་ནས་རྒྱ་གཞུང་དང་རྒྱ་ཡིག་བསླབས་ཏེ་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ལྷག་པར་དུ་གསང་ཆེན་རྙིང་མའི་བསྟན་པ་ལ་མཛད་རྗེས་ཤིན་ཏུ་ཆེ་བས་འཕྲིན་ལས་ཀྱང་དེ་ལྟར་རྒྱས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཡོལ་དགེ་བསྙེན་རྡོ་རྗེ་[1640]དབང་ཕྱུག་དང་། གཡག་རྡོ་རྗེ་འཛིན་པ། གོ་རུབ་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་བཅས་མང་དུ་བྱོན། ཁོང་གི་གསུང་རྩོམ་ནི《ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ》དང་། 《དམ་ཚིག་མདོ་རྒྱས》། 《འགྲེལ་བ་ཚུལ་བཞི་ཡན་ལག་བཅོ་ལྔ་པ》། 《མཉམ་སྦྱོར་གྱི་འགྲེལ་བ》། 《རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག》། 《ངན་སོང་སྦྱོང་རྒྱུད་ཀྱི་འགྲེལ་བ》། 《འཇིགས་བྱེད་ཀྱི་འགྲེལ་བ》སོགས་དང་། བསྒྱུར་རྩོམ་ནི《བཀའ་འགྱུར》ལས《གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་རྒྱལ་པོ་རྟག་པ་གསུམ་པ》། 《བསྟན་འགྱུར》ལས《ཀྱེའི་རྡོ་རྗེའི་སྒྲུབ་ཐབས་ཧེ་རུ་ཀ་མཉེས་པར་བྱེད་པའི་ཆོ་ག》། 《མྱུར་མཛད་མའི་སྒྲུབ་ཐབས》། 《གཤིན་རྗེ་དགྲ་ནག་པོའི་རྒྱུད་ཀྱི་དཀའ་འགྲེལ་ཡེ་ཤེས་སྒྲོན་མ》། 《དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས》། 《ལས་ཀྱི་ཆོ་ག་སེམས་པ་བསྡུས་པ》། 《དཔལ་གཤིན་རྗེ་གཤེད་པོའི་རྩ་བའི་སྔགས་རྡོ་རྗེ་རབ་ཏུ་འབྱེད་པ》། 《བྱིངས་ཀྱི་མདོ》། 《སུབ་མཐའ་རིན་ཆེན་འབྱུང་གནས》། 《རྐྱེན་གསུམ་རབ་ཏུ་བཤད་པ》བཅས་བཞུགས་སོ། །

language:
Tibetan