- rwa chos rab/
- ID:
- T192688
- རྭ་ཆོས་རབ (Tibetan, Tibetan script, Original)
- > rwa chos rab/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > rachörap (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
{rwa chos rab [nephew of rwa lo ts' ba rdo rje grags, invited the Indian pandita samanta shri, tr Kalachakra &, phag mo mngon 'byung &, mgon po mngon 'byung etc.]
- language:
- English
-
རྭ་ཆོས་རབ་
- language:
- Tibetan
2. bod rgya tshig mdzod chen mo
[2731] རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་ཚ་བོ་སྟེ། རྒྱ་གར་གྱི་པཎྜི་ཏ་ས་མནྟ་ཤྲི་སྤྱན་དྲངས་ཏེ། དུས་འཁོར་དང། ཕག་མོ་མངོན་འབྱུང་དང། མགོན་པོ་མངོན་འབྱུང་སོགས་བསྒྱུར་མཁན། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
(རྭ་པ་ཆོས་རབ་ཅེས་པའང་སྣང)འདི་ཉིད་རྭ་ལོ་རྡོ་རྗེ་གྲགས་ཀྱི་དབོན་པོ་ཡིན་ཞིང་། ཁོང་གིས་རྒྱ་གར་གྱི་པཎྜི་ཏ་ས་མནྟ་ཤྲཱི་སྤྱན་དྲངས་ཏེ་དུས་འཁོར་དང་། ཕག་མོ་མངོན། འབྱུང་། མགོན་པོ་མངོན་འབྱུང་ལ་སོགསཔ་བསྒྱུར།
- language:
- Tibetan
4. Thupten Phuntsok Dictionary
རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་ཚ་བོ་སྟེ། རྒྱ་གར་གྱི་པཎྜི་ཏ་ས་མཎྜི་ཤྲི་སྤྱན་དྲངས་ཏེ། དུས་འཁོར་དང་། ཕག་མོ་མངོན་འབྱུང་དང་། མགོན་པོ་མངོན་འབྱུང་སོགས་བསྒྱུར་མཁན།
- language:
- Tibetan
5. smon lam tshig mdzod chen mo
རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་ཚ་བོ་རྒྱ་གར་གྱི་པཎྜི་ཏ་ས་མནྟ་ཤྲི་སྤྱན་དྲངས་ཏེ། དུས་འཁོར་དང༌། ཕག་མོ་མངོན་འབྱུང་དང༌། མགོན་པོ་མངོན་འབྱུང་སོགས་བསྒྱུར་མཁན།
- language:
- Tibetan
6. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་ལ་སྟོད་ལྷོའི་ཆ་སྙེ་ནམ་གླང་ཡུལ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་ཁུ་བོ་རྭ་ལོ་ཙཱ་[1645]བ་རྡོ་རྗེ་གྲགས་པ་སོགས་ལ་བསྟེན་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎྜི་ཏ་ས་མཏྣ་ཤྲཱི་བཅས་ལ་བསྟེན་ཏེ་རྒྱ་གཞུང་དང་རྒྱ་ཡིག་ལ་ལེགས་པར་སྦྱངས་ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི《བཀའ་འགྱུར》ལས《བསྡུས་པའི་རྒྱུད་ལས་དབང་གི་རབ་ཏུ་བྱེད་པ》དང་། 《ནག་པོ་ཆེན་པོ་མགོན་པོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ》ལེའུ་ལྔ་བཅུ་བ། 《བསྟན་འགྱུར》ལས་《དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས》 《དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག》། 《དཔལ་དུས་ཀྱི་འཁོར་ལོ་སྐད་ཅིག་གིས་བསྐྱེད་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས》། 《སྦྱོར་བ་ཡན་ལག་དྲུག་གི་སྦྱོར་བའི་མན་ངག》། 《དཔལ་དུས་ཀྱི་འཁོར་ལོའི་རབ་ཏུ་གནས་པའི་ཆོ་ག》། 《དཔལ་དུས་ཀྱི་འཁོར་ལོའི་ཚོགས་འཁོར་གྱི་ཆོ་ག》། 《དཔལ་དུས་ཀྱི་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག》། 《རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས》། 《རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ཆོ་ག》། 《དཔལ་ནག་པོ་ཆེན་པོའི་རྒྱུད་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོའི་འགྲེལ་བ》། 《དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རིན་ཆེན་འབྱུང་གནས》། 《ཡེ་ཤེས་ཀྱི་མེ་སྦར་བ་སྦྱིན་སྲེག་གི་ཆོ་ག》བཅས་བཞུགས་སོ། །
- language:
- Tibetan