Skip to main content Skip to search
rlung me mnyam/
ID:
T193192
  • རླུང་མེ་མཉམ (Tibetan, Tibetan script, Original)
    • > rlung me mnyam/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lungmemnyam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

fire-equalizing wind; fire accompanying energy

language:
English

2. Ives Waldo Dictionary

fire accompanying energy

language:
English

3. Thupten Phuntsok Dictionary

གནས་དང་བྱེད་ལས་ལ་བལྟོས་ནས་བཏགས་པའི་ལུས་ཀྱི་རྩ་བའི་རླུང་ལྔའི་ཡ་གྱལ་ཕོ་བའི་ཆར་གནས་པའི་རླུང་གི་མིང་སྟེ། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཟབ་མོ་ནང་གི་དོན་བཤད་པའི་གཞུང་ལས། མེ་མཉམ་མདུན་ཕྱོགས་རྩ་ལས་བྱུང་ཕོ་བར་ཟུག་སྟེ་དྭངས་སྙིགས་འབྱེད། ལུས་ཀུན་ཏུ་ཁྱེར་ལོག་གྱུར་ན། སྦོ་འཁྲོག་འཁྲུ་དང་མ་རུང་བྱེད། ཅེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། ཕོ་བའི་མེ་དང་མཉམ་དུ་འཇུག་པའི་རླུང་ནི་གཙོ་བོ་ཕོ་བར་གནས་ནས་ཡུལ་རྒྱུ་མ་ལ་སོགས་པའི་ནང་ཁྲོལ་ཀུན་ཏུ་རྒྱུ་ཞིང་། ལས་ཟས་རྣམས་འཇུ་བ། དྭངས་སྙིགས་འབྱེད་ཅིང་ཁྲག་ལ་སོགས་པའི་གནོད་བྱ་གཞན་རྣམས་སྨིན་པར་བྱེད་པ་ཡིན་ནོ། །ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། མེ་མཉམ་རླུང་ནི་ཕོ་བའི་མེ་དྲོད་མཁྲིས་པ་འཇུ་བྱེད་དང་མཉམ་དུ་གནས་ཤིང་། བྱེད་ལས་ཀྱང་མེ་དང་མཐུན་པའི་ལས་བྱེད་པས་ན་མེ་མཉམ་ཞེས་སོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan