- la thod/
- ID:
- T193616
- ལ་ཐོད (Tibetan, Tibetan script, Original)
- > la thod/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > latö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
5. dung dkar bod rig pa'i tshig mdzod chen mo
རྒྱལ་པོའི་དབུ་ལ་བཞེས་པའི་ཐོད་ཆིངས་སྟེ། བོད་ས་གནས་ཀྱི་ལྡེབས་བྲིས་མང་ཆེ་བར་རྒྱལ་པོ་སྲོང་བཙན་སྒམ་པོའི་དབུ་ལ་བཞེས་པའི་ཐོད་ཆིངས་དཀར་པོ་བྲིས་པ་མང་ཞིང་། པོ་ཏ་ལའི་ཕོ་བྲང་དམར་པོའི་ཆོས་རྒྱལ་སྒྲུབ་ཕུག་གི་ནང་བཞུགས་པའི་སྲོང་བཙན་སྒམ་པོའི་འདྲ་སྐུ་དེར་ཐོད་ཆིངས་དམར་པོ་བྱས་ཡོད་པ་རེད། ཐོད་ཆིངས་མདོག་དཀར་པོ་དང་དམར་པོ་བྱེད་པར་དགོས་པ་དང་རྒྱུ་མཚན་གང་ཡིན་གསལ་བཤད་ཡོད་པའི་དཔྱད་གཞིའི་ཡིག་ཆ་ད་ཕན་མ་མཐོང་ཞིང་། བཙན་པོ་རིམ་བྱོན་གྱི་སྐུ་བརྙན་ཁག་ལ་ཐོད་ཆིངས་དཀར་པོ་བྱེད་པའི་འགོ་གང་གི་དུས་སུ་ཚུགས་པ་ཡིན་མིན་དཔྱད་པའི་གཞི་ཡིན།
- language:
- Tibetan