Skip to main content Skip to search
la don/
ID:
T193622
  • ལ་དོན (Tibetan, Tibetan script, Original)
    • > la don/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ladön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

A term of grammar. The la equivalents. There are many particles ཚིག་ཕྲད་ in Tibetan grammar. This is one group of seven particles which all have the same function སུ། ར། རུ། དུ། ན། ལ། ཏུ། . They are called la equivalents because they all have the same function as the particle la. In fact, as a group they perform several functions. Each of the seven does not have a different meaning but is used depending on the ending of the word that it is placed after

language:
English

2. Ives Waldo Dictionary

LA/ dative-locative particle

language:
English

3. Jim Valby Dictionary

dative

language:
English

4. bod rgya tshig mdzod chen mo

[2745] རྣམ་དབྱེའི་རྐྱེན་སུ་ར་རུ་དུ་ཏུ་ན་བཅས་ལ་དང་འཇུག་པ་ཕལ་ཆེར་འདྲ་བས་བདུན་པོའི་སྤྱི་མིང་དུ་ལ་དོན་བཏགས་པ་དང། དེ་དག་གི་སྒྲ་སྦྱོར་སྐབས་རྗེས་འཇུག་དང་ཡང་འཇུག་སའི་མཐར་སུ་དང། རྗེས་འཇུག་ག་བ་གཉིས་དང་ཡང་འཇུག་ད་དྲག་མཐར་ཏུ། རྗེས་འཇུག་ང་ད་ན་མ་ར་ལ་བཅས་ཀྱི་མཐར་དུ། རྗེས་འཇུག་འ་དང་མཐའ་མེད་མཐར་ར་དང་རུ་གཉིས་གང་བདེ་སྦྱོར་ལ། ལ་ན་གཉིས་རྗེས་འཇུག་དང་ཡང་འཇུག་ལ་ལྟོས་མི་དགོས་པར་སྐབས་ཐོབ་ཀྱིས་འཇུག་ཅིང། དེ་དག་གི་དོན་སྦྱོར་ནི་རྣམ་དབྱེ་གཉིས་པ་དང་བཞི་པ་བདུན་པ་དེ་ཉིད་ཚེ་སྐབས་ལྔ་ལའོ། ... ལ་... སུ་ར་རུ་དུ་ཏུ་ན་... ལ་... ལ་... ལ་... ས་... སུ་ག་བ་... ད་དྲག་... ཏུ་ང་ད་ན་མ་ར་ལ་... དུ་འ་... ར་... རུ་ལ་ན་...

language:
English

5. dag yig gsar bsgrigs

is related to
la/
  • སུ་རུ་ར་དུ་ཏུ་ལྔ་ནི་ཕྲད་ལྟོས་པ་ཅན་ཡིན་ལ། དེའི་སྟེང་དུ་ཕྲད་རང་དབང་ཅན་ན་ལ་གཉིས་བསྣན་པའི་ཡི་གེ་བདུན་ནི་ལའི་དོན་ཅན་གྱི་ཡི་གེ་ཡིན། ལ་དོན་གྱི་ཐོབ་ཐང་གཤམ་གསལ་ལྟར། ས་སུ་ག་བ་ད་དྲག་ཏུ། ང་ད་ན་མ་ར་ལ་དུ། འ་དང་མཐའ་རྟེན་མེད་པའི་མཐར། ར་དང་རུ་གཉིས་ཅི་རིགས་སྦྱོར། ན་ལ་དག་ན ི་སྐབས་བསྟུན་སྦྱོར། སུ་རུ་ར་དུ་ཏུ་ལྔའི་དོན་གྱི་འཇུག་ཚུལ་ནི་གཙོ་བོར་ལས་ཚིག་འདྲེན་ཚུལ་གྱི་དབང་གིས་དོན་མི་འདྲ་བ་དུ་མ་སྟོན་པ་ཡིན་ཏེ། བརྡ་སྤྲོད་རྣམས་སུ་ལས་སུ་བྱ་བ་དང་གནས་གཞི། དགོས་ཆེད། ཚེ་སྐབས། དེ་ཉིད་བཅས་རིགས་ལྔར་ཕྱེ་ནས་སོ་སོའི་དཔེར་བརྗོད་ལ་བཞེད་ཚུལ་མི་འདྲ་བ་དུ་མ་བྱུང་འདུག འདིར་ཀུན་ལ་གོམས་འདྲིས་སུ་གྱུར་ཡོད་པ་ལྟར་བཤད་པ་གཤམ་གསལ་ལྟར།

    language:
    Tibetan

    ( ༡ ) བྱེད་པ་པོས་བྱ་བའི་ཡུལ་གང་ལ་བྱ་བ་བྱས་པ་དང་བྱེད་བཞིན་པ་དང་བྱེད་པར་འགྱུར་བ་སྟོན་པའི་ལ་དོན་གྱི་རྣམ་དབྱེ་ལ་ལས་སུ་བྱ་བའི་རྣམ་དབྱེ་ཟེར། དཔེར་ན། སུ་ཡི་འཇུག་ཚུལ་ནི། རི་མོ་མཁན་གྱིས་རྩིག་ངོས་སུ་རི་མོ་བྲིས། དམག་དཔུང་རྣམས་ལྷོ་ཕྱོགས་སུ་བསྐྱོད། རྔོན་པས་སྤྱང་ཀིའི་ལྟོ་ངོས་སུ་མདུང་གིས་བསྣུན་ལྟ་བུ། རུ་དང་ར་ཡི་འཇུག་ཚུལ་ནི། རི་མགོ་རུ་ནོར་ལུག་འཚོས། ཞིང་ཁར་ལུད་སྐྱེལ། བྱ་ནམ་མཁར་འཕུར་ལྟ་བུ། དུ་ཡི་འཇུག་ཚུལ་ནི། གཏེར་རྡོའི་སྟེང་དུ་ལྕགས་ཀྱི་ཐོ་བས་བརྡུངས། ལུས་ཀྱི་གསང་དུ་དངུལ་གྱི་གཙག་ཁབ་བཙུགས། སློབ་གྲྭ་པ་རྣམས་སློབ་ཁང་ནང་དུ་འདུས། བྱིས་པའི་རྐེད་དུ་དར་གྱི་སྐ་རགས་ཆིངས། ཞིང་པས་ཞིང་གི་འགྲམ་དུ་ཤིང་སྡོང་བཙུགས། རིག་རྩལ་རུ་ཁག་མཁར་དུ་སོང་ནས་རྩེས། བྱིས་པ་མང་བོ་དགའ་བའི་ཚལ་དུ་སོང་ལྟ་བུ། ཏུ་ཡི་འཇུག་ཚུལ་ནི། མེ་མདའ་ཕྲག་ཏུ་ཁུར། ཆུ་བོའི་ཕ་རོལ་ཏུ་ཕྱིན། རྟ་རྒྱབ་ཏུ་སྒ་བསྟད་ལྟ་བུ། ལས་སུ་བྱ་བའི་རྣམ་དབྱེ་ཕལ་ཆེར་གྱི་ཚབ་ཏུ་ལ་ཡིག་བརྗེས་ནས་སྦྱོར་ཆོག་སྟེ། རྡོ་སྟེང་ལ་ཐོ་བས་བརྡུངས། གསང་ ད མིག་ལ་གཙག་ཁབ་བཙུགས་སོགས་ལྟ་བུ།

    language:
    Tibetan
  • ( ༢ ) བྱ་ལས་ཤིག་བྱུང་བ་དང་འབྱུང་བཞིན་ཡོད་པ་དང་འབྱུང་བར་འགྱུར་བའི་གནས་སྟོན་པའི་ལ་དོན་གྱི་རྣམ་དབྱེ་ལ་གནས་གཞིའི་རྣམ་དབྱེ་ཟེར་དཔེར་ན། སུ་ཡི་འཇུག་ཚུལ་ནི། ཤིང་གཅོད་བཟོ་པས་ནགས་སུ་ཤིང་སྡོང་གཅོད། སྐར་ཚོགས་དབུས་སུ་ཟླ་བ་ལྷང་ངེ་གསལ་ལྟ་བུ། རུ་དང་ར་ཡི་འཇུག་ཚུལ་ནི། མཁའ་དམག་གནམ་གྲུས་མཁའ་རུ་སྒྱུ་རྩལ་སྟོན། ནམ་མཁར་བྱ་རྒྱལ་རྒོད་པོས་གཤོག་རྩལ་ངོམ་ལྟ་བུ། དུ་ཡི་འཇུག་ཚུལ་ནི། རི་ཡི་རྐེད་དུ་ནགས་ཚལ་ཧ་ཅང་སྟུག སློབ་ཁང་ནང་དུ་སློབ་མས་ཡི་གེ་འབྲི། དགེ་རྒན་མདུན་དུ་ གུས་པས་སློབ་སྦྱོང་བྱོས། དགུང་སྔོན་གནམ་དུ་སྐར་ཚོགས་བགྲང་ལས་འདས། ཟི་ལིང་མཁར་དུ་བཟོ་གྲྭ་གསར་བ་མང་། སྐྱེད་མོའི་ཚལ་དུ་མེ་ཏོག་རིགས་ཀུན་ཚང་ལྟ་བུ། གནས་གཞིའི་རྣམ་དབྱེ་ཕལ་ཆེར་གྱི་ཚབ་ཏུ་ན་ཡིག་བརྗེས་ནས་སྦྱོར་ཆོག་སྟེ། ནགས་ན་ཤིང་སྡོང་གཅོད་ཀྱིན་འདུག་ལྟ་བུ།

    language:
    Tibetan
  • ( ༣ ) བྱ་ལས་ཤིག་བྱུང་བ་དང་འབྱུང་བཞིན་པ་དང་འབྱུང་བར་འགྱུར་བའི་དུས་སྟོན་པའི་ལ་དོན་གྱི་རྣམ་དབྱེ་ལ་ཚེ་སྐབས་ཀྱི་རྣམ་དབྱེ་ཟེར། དཔེར་ན། སུ་ཡི་འཇུག་ཚུལ་ནི། བྱ་བ་གང་ཡང་ཐོག་མའི་སྐབས་སུ་དཀའ། སྐྱ་རེངས་ཤར་བའི་དུས་སུ་མལ་ལས་ལངས་ལྟ་བུ། རུ་དང་ར་ཡི་འཇུག་ཚུལ་ནི། ཟླ་བཅུ་རུ་སློབ་སྦྱོང་བྱས། ཟླ་དགུར་ངལ་རྩོལ་བྱས་ལྟ་བུ། དུ་ཡི་འཇུག་ཚུལ་ནི། ཡུན་རིང་དུ་ངལ་རྩོལ་བྱས། དུས་རྒྱུན་དུ་རྩལ་སྦྱོང་བྱོས། ཉིན་བདུན་དུ་ལོ་ཏོག་བྲེགས། ཚེས་གསུམ་དུ་ཚོགས་འདུ་མགོ་བརྩམས་ལྟ་བུ། ཚེ་སྐབས་ཀྱི་རྣམ་དབྱེ་ཕལ་ཆེར་གྱི་ཚབ་ཏུ་ལ་ཡིག་དང་དུས་སུ་ཞེས་པའི་ཚིག་བརྗེས་ནས་སྦྱོར་ཆོག་སྟེ། ཟླ་བཅུ་ལ་སློབ་སྦྱོང་བྱས། ཡུན་རིང་བའི་དུས་སུ་ངལ་རྩོལ་བྱས་ལྟ་བུ།

    language:
    Tibetan
  • ( ༤ ) བྱེད་པ་པོས་བྱ་བ་ཞིག་བྱས་པ་དང་བྱེད་བཞིན་པ་དང་བྱ་བར་འགྱུར་བ་དེ་དགོས་པ་གང་གི་ཆེད་དུ་ཡིན་པ་སྟོན་པའི་ལ་དོན་གྱི་རྣམ་དབྱེ་ལ་དགོས་ཆེད་ཀྱི་རྣམ་དབྱེ་ཟེར། དཔེར་ན། སུ་ཡི་འཇུག་ཚུལ་ནི། དམག་གྲབས་སུ་དྲག་རྩལ་སྦྱོང་། མུག་སྐྱབས་སུ་འབྲུ་རིགས་བསོགས་ལྟ་བུ། རུ་དང་ར་ཡི་འཇུག་ཚུལ་ནི། སྐུ་མགྲོན་བསུ་རུ་འགྲོ། དྲིན་གཟོར་ཞབས་འདེགས་བསྒྲུབས་ལྟ་བུ། དུ་ཡི་འཇུག་ཚུལ་ནི། རྒྱལ་སྲུང་དུ་དྲག་ཆས་སྒྲིགས། ཟས་རིན་དུ་སྒོར་མོ་སྤྲད། གསོལ་སྟོན་དུ་ཟས་སྣ་བསྒྲིགས། དོམ་དུ་ནོར་ལུག་སྤྲད། ཇག་ཚོགས་རྣམས་གདུལ་དུ་གསོལ། འཇིགས་པ་ལས་ཐར་དུ་རེ། གསུང་དུ་གསོལ། འབད་དུ་བསྐུལ། རྒྱན་དུ་སྤྲས། གོས་སུ་སྣམ་བུ་འཐག་ལྟ་བུ། དགོས་ཆེད་ཀྱི་རྣམ་དབྱེ་ཕལ་ཆེ་བའི་ཚབ་ཏུ་ཆེད་དུ། ཕྱིར་དུ། དོན་དུ་ཞེས་པའི་ཚིག་གང་རུང་བརྗེས་ནས་སྦྱོར་ཆོག་སྟེ། བསུ་བའི་དོན་དུ་འགྲོ། དྲིན་གཟོའི་ཆེད་དུ་ཞབས་འདེགས་བསྒྲུགས། རྒྱལ་སྲུང་གི་ཕྱིར་དུ་དྲག་ཆས་བསྒྲིགས་ལྟ་བུ།

    language:
    Tibetan
  • ( ༥ ) བསྣན་ཚིག་དང་རྒྱན་ཚིག་གི་བར་དང་། བསྣན་ཚིག་དང་ལས་ཚིག་གི་བར། དེ་ལས་གཞན་པའི་ཐ་སྙད་དང་རྒྱན་ཚིག་གམ་ལས་ཚིག་གི་བར་དུ་སྦྱར་ན་ཚིག་སྔ་ཕྱིའི་བརྡ་སྤྲོད་ཀྱི་འབྲེལ་བ་ཁྱད་གཞི་དང་ཁྱད་ཆོས། ཡན་ལག་དང་ཡན་ལག་ཅན། ཆ་ལག་དང་ཆ་ལག་ཅན་སྔ་ཕྱི་ངོ་བོ་གཅིག་ཏུ་གྱུར་པ་སོགས་སྟོན་པའི་ལ་དོན་གྱི་རྣམ་དབྱེ་ལ་དེ་ཉིད་ཀྱི་རྣམ་དབྱེ་ཟེར། དཔེར་ན། སུ་ཡི་འཇུག་ཚུལ་ནི། རིག་གནས་དར་རྒྱས་སུ་སོང་། ལོངས་སྤྱོད་ཇེ་ལེགས་སུ་སོང་ལྟ་བུ། རུ་དང་ར་ཡི་འཇུག་ཚུལ་ནི། རྣམ་པར་གནོན་པ། རྣམ་པར་དག་ཞེས་པ་ལྟ་བུ། དུ་ཡི་འཇུག་ཚུལ་ནི། ཡོན་ཏན་ཀློང་དུ་རྡོལ། གློག་སྒྲོན་འོད་དུ་འཚེར། མེ་ཏོག་རྒྱན་དུ་མཛེས། མི་རྣམས་གར་དུ་རྩེན། བདེ་སྐྱིད་དཔལ་དུ་ཤར། ལྐོག་ཤོམ་རྡུལ་དུ་བརླགས་ལྟ་བུ། ཏུ་ཡི་འཇུག་ཚུལ་ནི། རྟག་ཏུ་མཛེས་པ། རབ་ཏུ་གསལ་བ། ཤིན་ཏུ་བཟང་བ་ཞེས་པ་ལྟ་བུ། དེ་ཉིད་ཀྱི་རྣམ་དབྱེ་འདི་དག་གི་ཚབ་ཏུ་ན་ལ་གཉིས་མི་འཇུག་ཀྱང་རྣམ་དབྱེ་ལ་ལ་སྡུད་ཆོག་སྟེ། རབ་ཏུ་མཛེས་ལ་རབ་མཛེས། རྣམ་པར་གནོན་ལ་རྣམ་གནོན། རྣམ་པར་དག་པ་ལ་རྣམ་དག་ཅེས་པ་ལྟ་བུ། དེ་ལས་གཞན་འོད་དུ་འཚེར་དང་འོད་འཚེར། ཆུ་རུ་ཁོལ་དང་ཆུ་ཁོལ། རྒྱན་དུ་མཛེས་དང་རྒྱན་མཛེས་རྣམས་ནི་ཚིག་སྔ་ཕྱིའི་དོན་མི་འདྲ་བར་ཚིག་ཕྱི་མ་ནི་ཚིག་སྔ་མའི་དེ་ཉིད་ཀྱི་རྣམ་དབྱེ་བསྡུས་པ་མ་ཡིན་ནོ།། གཞན་ཡང་། རྒྱ་ཡིག་ནི་བོད་ཡིག་ཏུ་བསྒྱུར། བོད་སྐད་དུ་བསྒྱུར། ལྕོང་མོ་སྦལ་བ་རུ་གྱུར། རྩྭ་ལྡུམ་ཟས་སུ་བསྒྱུར་ལྟ་བུའོ།།

    language:
    Tibetan

6. Thupten Phuntsok Dictionary

རྣམ་དབྱེའི་རྐྱེན་སུ་ར་རུ་དུ་ཏུ་ན་བཅས་ལ་དང་འཇུག་པ་ཕལ་ཆེར་འདྲ་བས་བདུན་པོའི་སྤྱི་མིང་དུ་ལ་དོན་བཏགས་པ་དང་། དེ་དག་གི་སྒྲ་སྦྱོར་སྐབས་རྗེས་འཇུག་དང་ཡང་འཇུག་སའི་མཐར་སུ་དང་། རྗེས་འཇུག་ག་བ་གཉིས་དང་ཡང་འཇུག་ད་དྲག་མཐར་ཏུ། རྗེས་འཇུག་ང་ད་ན་མ་ར་ལ་ད་དྲག་མཐར་དུ། རྗེས་འཇུག་འ་དང་མཐའ་མེད་མཐར་ར་དང་རུ་གཉིས་གང་བདེ་སྦྱོར་ལ། ལ་ན་གཉིས་རྗེས་འཇུག་དང་ཡང་འཇུག་ལ་ལྟོས་མི་དགོས་པར་སྐབས་ཐོབ་ཀྱིས་འཇུག་ཅིང་། དེ་དག་གི་དོན་སྦྱོར་ནི་རྣམ་དབྱེ་གཉིས་པ་དང་བཞི་པ་བདུན་པ་དེ་ཉིད་ཚེ་སྐབས་ལྔ་ལའོ། །

language:
Tibetan

7. smon lam tshig mdzod chen mo

རྣམ་དབྱེའི་རྐྱེན་སུ་ར་རུ་དུ་ཏུ་ན་བཅས་ལ་དང་འཇུག་པ་ཕལ་ཆེར་འདྲ་བས་བདུན་པོའི་སྤྱི་མིང་དུ་ལ་དོན་བཏགས་པ་དང༌། དེ་དག་གི་སྒྲ་སྦྱོར་སྐབས་རྗེས་འཇུག་དང་ཡང་འཇུག་སའི་མཐར་སུ་དང༌། རྗེས་འཇུག་ག་བ་གཉིས་དང་ཡང་འཇུག་ད་དྲག་མཐར་ཏུ། རྗེས་འཇུག་ང་ད་ན་མ་ར་ལ་བཅས་ཀྱི་མཐར་དུ། རྗེས་འཇུག་འ་དང་མཐའ་མེད་མཐར་ར་དང་རུ་གཉིས་གང་བདེ་སྦྱོར་ལ། ལ་ན་གཉིས་རྗེས་འཇུག་དང་ཡང་འཇུག་ལ་ལྟོས་མི་དགོས་པར་སྐབས་ཐོབ་ཀྱིས་འཇུག་ཅིང༌། དེ་དག་གི་དོན་སྦྱོར་ནི་རྣམ་དབྱེ་གཉིས་པ་དང་བཞི་པ་བདུན་པ་དེ་ཉིད་ཚེ་སྐབས་ལྔ་ལའོ། ལ སུ་ར་རུ་དུ་ཏུ་ན ལ ལ ལ ས སུ་ག་བ ད་དྲག ཏུ་ང་ད་ན་མ་ར་ལ དུ་འ ར རུ་ལ་ན

language:
Tibetan

la don/ has 1 other term directly related to it, which is presented here.