Skip to main content Skip to search
la mo/
ID:
T193665
  • ལ་མོ (Tibetan, Tibetan script, Original)
    • > la mo/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lamo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

O.T. deriv. from Skt. la-hu. Also, la gor. = myur ba. Blan 309.2. (Dbus, Gtsang) a mt. pass, hill. MTTP. yang ba. myur ba. Btsan-lha.

language:
English

2. Ives Waldo Dictionary

  • 1) pass road; 2) mountain; 3) ལ་མོ་ [place in stag rtse rdzong]; 4) immediately, quickly ran kha ma

    language:
    English
  • 1) pass road; 2) mountain; 3) ལ་མོ་; 4) immediately, quickly ran kha ma

    language:
    English

3. Jim Valby Dictionary

quickly, village near lhasa

language:
English

4. bod rgya tshig mdzod chen mo

[2746] 1... .1༽ ལ་ལམ། ... 2༽ རི་བོ། ... 3༽ ས་མིང་ཞིག་བོད་རང་སྐྱོང་ལྗོངས་ཀྱི་སྟག་རྩེ་རྫོང་ཁོངས་སུ་ཡོད། ... 2. མྱུར་པོའམ་རན་ཁ་མ། ... ལ་མོར་ཁ་ཕྱིར་འཁོར་ཏེ་བྲོས་པ། ... ལ་མོ་ལ་མོར་ཤོག་ཅིག་... ལ་མོ་འགྲོ་ཤོམ་གྱིས། ... ང་ལྷ་ས་ནས་ཐོན་ཁ་ལ་མོར་ཁོང་དང་མཇལ་བྱུང། ...

language:
English

5. dag yig gsar bsgrigs

མགྱོགས་པའི་བརྡ་རྙིང་ངམ་ཡུལ་སྐད་དེ། ལ་མོ་འགྲོ། ལ་མོ་དམག་ལ་ཆས་ལྟ་བུ།

language:
Tibetan

6. dung dkar bod rig pa'i tshig mdzod chen mo

(ལ་མོ་ཚངས་པ་དུང་ཐོད་ཅན)བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་རྒྱ་གར་ནས་བོད་དུ་ཕེབས་སྐབས་མི་མ་ཡིན་གྱི་གཙོ་བོ་ཞིག་རྗེས་སུ་འབྲངས་ནས་འོངས་པ་ཁོང་གིས་དམ་ལ་བཏགས་ནས་སྲུང་མར་བསྐོས་པ་ཚངས་པ་ཞི་བ་དང་དེ་ཉིད་དྲག་པོར་ཁྲོས་པའི་རྣམ་འགྱུར་ནི་ཚངས་པ་དྲག་པོ་སྟེ་ཡོངས་གྲགས་སུ་ཆོས་སྐྱོང་བསེ་ཁྲབ་པ་ཟེར་བ་དེ་ཡིན། སྲུང་མ་དེའི་རྟེན་གནས་ནི་ལྷ་སའི་ཤར་ཕྱོགས་ལ་མོར་ཡོད་པས་སྲུང་མ་དེའི་མཚན་སྟབས་བདེར་འབོད་སྐབས་ལ་མོ་ཆོས་སྐྱོང་ཟེར་ཞིང་ཆོས་སྐྱོང་དེའི་དབུ་ཐོད་ཆིངས་ཤིག་བཞེས་པའི་རྩེ་མོར་དུང་དཀར་གྱི་ཏོག་ཡོད་པས་ན་ཚངས་པ་དུང་ཐོད་ཅན་ཞེས་ཀྱང་ཟེར།

language:
Tibetan

7. Thupten Phuntsok Dictionary

(1)ལ་ལམ། (2)རི་བོ། (3)ས་མིང་ཞིག བོད་རང་སྐྱོང་ལྗོངས་ཀྱི་སྟག་རྩེ་རྫོང་ཁོངས་སུ་ཡོད། (4)མྱུར་མོའམ་མགྱོགས་པ། རན་ཁ་མ། ལ་མོར་ཁ་ཕྱིར་འཁོར་ཏེ་བྲོས་པ། ལ་མོ་ལ་མོར་ཤོག་ཅིག ལ་མོ་འགྲོ་ཤོམ་གྱིས། ང་ལྷ་ས་ནས་ཐོན་ཁ་ལ་མོར་ཁོང་དང་མཇལ་བྱུང་ལྟ་བུའི།

language:
Tibetan

8. smon lam tshig mdzod chen mo

  • 1 1 ལ་ལམ། 2 རི་བོ། 3 ས་མིང་ཞིག་བོད་རང་སྐྱོང་ལྗོངས་ཀྱི་སྟག་རྩེ་རྫོང་ཁོངས་སུ་ཡོད།

    language:
    Tibetan
  • 2.མྱུར་པོའམ་རན་ཁ་མ། ལ་མོར་ཁ་ཕྱིར་འཁོར་ཏེ་བྲོས་པ། ལ་མོ་ལ་མོར་ཤོག་ཅིག ལ་མོ་འགྲོ་ཤོམ་གྱིས། ང་ལྷ་ས་ནས་ཐོན་ཁ་ལ་མོར་ཁོང་དང་མཇལ་བྱུང༌།

    language:
    Tibetan