- lug ru ser po/
- ID:
- T196487
- ལུག་རུ་སེར་པོ (Tibetan, Tibetan script, Original)
- > lug ru ser po/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > lukru serpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
3. Jim Valby Dictionary
pedicularis longiflora rudolph. var. tubiformis (klotz.) tsoong, pedicularis przewalskii maxim. var. microphyton tsoong
- language:
- English
4. bod rgya tshig mdzod chen mo
[2783] སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་མཆིན་མཁྲིས་ཀྱི་ནད་དང་རླུང་ཚད་སེལ། ཆང་ནད་དང། ཐིག་ལེ་འཛག་པ་བཅས་ལ་ཕན། ...
- language:
- English
5. Thupten Phuntsok Dictionary
རླན་སྐྱེས་དང་སྐམ་སྐྱེས་གཉིས་ལས་འདི་རླན་སྐྱེས་ཏེ། ན་བ་དང་། ལུ་མ། ཆུ་འགྲམ་གྱི་སྤང་ཁ་སོགས་རླན་ཚད་ཧ་ཅང་ཆེ་བའི་སར་འཁྲུངས་ཤིང་ཐོན་ཚད་མང་། སྐྱེ་ཚུལ་རྩ་བ་ཕྲ་ཐུང་རྒྱུས་ཕྲན་བཅད་པ་འདྲ་ལ་ངར་པའི་མཐོ་ཚད་སྨི་0.05~0.1ཙམ་ཟིན་པ། ལོ་མ་སྒྲོ་དབྱིབས་ཉ་ག་ཅན་ལོ་རྐང་ཅུང་རིང་བ་མང་པོ་རྫོབ་རྫོབ་དུ་སྐྱེ་བ། ཟླ་བདུན་ནས་བརྒྱད་པར་མེ་ཏོག་སེར་པོ་མདངས་ཤིན་ཏུ་གསལ་བ། རྐང་སྦུབ་ཁོང་སྟོང་ཕྲ་ལ་རིང་བ་སྨི0.05ཙམ་སྨད་ཆ་གོས་ཀྱིས་བྱིབས་པ། མེ་ཏོག་གི་ཡ་མཆུ་ལུག་གི་རྭ་ལྟར་འཁྱིལ་ཞིང་མ་མཆུ་འདབ་མ་གསུམ་ལྡན་གྱི་སྟེང་དུ་སྤུ་འཇམ་དང་བཅས་ཐིག་རིས་རྫ་སྨུག་གཉིས་རེ་ཡོད་པ། སྨན་དུ་སྦྱར་བྱ་ནི་མེ་ཏོག་སྟེ་ཟླ་དུན་ནས་བརྒྱད་པར་བཏུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། རོ་ནུས། རོ་ཁ། ཞུ་རྗེས་བསིལ། ནུས་པས་རྒྱས་པའི་རླུང་ཚད་འབྱེད། ཚ་བ་སྤྱི་དང་ཁྱད་པར་མཆིན་མཁྲིས་ཀྱི་ཚ་བ་སེལ། དམུ་རྫིང་སྐེམ། ཐིག་ལེ་འཛག་པ་གཅོད་ཅིང་སྲུང་།
- language:
- Tibetan
6. smon lam tshig mdzod chen mo
སྔོ་སྨན་གྱི་རིགས་ཤིག་རོ་ཁ། ཞུ་རྗེས་བསིལ། ནུས་པས་མཆིན་མཁྲིས་ཀྱི་ནད་དང་རླུང་ཚད་སེལ། ཆང་ནད་དང༌། ཐིག་ལེ་འཛག་པ་བཅས་ལ་ཕན།
- language:
- Tibetan