- lo 'go/
- ID:
- T198306
- ལོ་འགོ (Tibetan, Tibetan script, Original)
- > lo 'go/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > longo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. bod rgya tshig mdzod chen mo
[2806] ། ལོ་རེའི་ཟླ་བ་བཅུ་གཉིས་ལས་གང་དང་གང་ལ་ལོ་ཡི་འགོ་འཛིན་ཚུལ་མི་འདྲ་བ་དུ་མ་ཡོད་དེ། ཧོར་ཟླའི་སྒོ་ནས་བཤད་ན། 1། ཧོར་ཟླ་གསུམ་པའི་ཚེས་གཅིག་སྟེ་ནག་ཟླ་ཡར་ངོའི་ཚེས་གཅིག་ལ་འཛིན་པ་ནི་དུས་འཁོར་རྩ་རྒྱུད་ཀྱི་རྗེས་སུ་འབྲངས་ནས་སྐར་རྩིས་པ་རྣམས་ཀྱི་ལུགས། 2། ཧོར་ཟླ་དང་པོའི་ཚེས་གཅིག་ལ་འཛིན་པ་ནི། མདོ་སྡེ་གསེར་འོད་དང་སྨན་གྱི་རྒྱུད་བཞི་ལྟར་རྒྱ་ནག་ཧོར་རྒྱལ་པོ། བོད་ཁ་བ་ཅན་པ། ནག་རྩིས་པ་འགའ་ཞིག་བཅས་ཐམས་ཅད་མཐུན་པས་ད་ལྟ་ཡོངས་གྲགས་ལྟར་རོ། 3། ཧོར་ཟླ་བཅུ་གཉིས་པའམ་དགུན་ཟླ་འབྲིང་པོ་རྒྱལ་ཟླ་བ་ནས་འཛིན་པ་ནི་གདན་བཞི་དང་རྡོ་རྗེ་མཁའ་འཁྲོ་ལུགས། 4། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་གམ་དགུན་ཉི་ལྡོག་ནས་འཛིན་པ་ནི་ནག་རྩིས་པ་རྣམས་ཀྱི་ལུགས་ཡིན། རགས་རྩིས་བྱས་ན་ཚེས་གཅིག་དང། ཞིབ་རྩིས་བྱས་ན་དགུན་ཉི་ལྡོག་ནས་འཛིན། 5། ཧོར་ཟླ་བཅུ་པའི་མར་ངོའི་ཚེས་གཅིག་ནས་འཛིན་པ་ནི་འདུལ་བ་དང། མངོན་པ་མཛོད་ཀྱི་རྗེས་སུ་འབྲངས་ནས་ས་པཎ་དང་རྗེ་ཙོང་ཁ་པ་སོགས་ཀྱི་ལུགས་ཡིན། 6། ཧོར་ཟླ་དགུ་པའི་མར་ངོའི་གཅིག་ནས་འཛིན་པ་ནི་མདོ་ཉི་མའི་སྙིང་པོའི་རྗེས་སུ་འབྲངས་ནས། ཁ་ཆེ་པཎ་ཆེན་དང། སྣར་ཐང་བ། མཆིམས་འཇམ་དབྱངས་སོགས་ཀྱི་ལུགས་ཡིན། 7། ཧོར་ཟླ་བརྒྱད་པའི་མར་ངོའི་ཚེས་གཅིག་ནས་འཛིན་པ་ནི་རྟེན་འབྲེལ་མདོ་འགྲེལ་གྱི་རྗེས་སུ་འབྲངས་ནས་སྐྱོར་མོ་ལུང་གི་སྦ་ཏི་དགྲ་བཅོམ་པ་སོགས་ཀྱི་ལུགས་ཡིན། ...
- language:
- English
3. Thupten Phuntsok Dictionary
ལོ་རེའི་ཟླ་བ་བཅུ་གཉིས་ལས་གང་དང་གང་ལ་ལོ་ཡི་འགོ་འཛིན་ཚུལ་མི་འདྲ་བ་དུ་མ་ཡོད་དེ། བོད་ཟླའི་སྒོ་ནས་བཤད་ན། ༡ ,བོད་ཟླ་གསུམ་པའི་ཚེས་གཅིག་སྟེ་ནག་ཟླ་ཡར་ངོའི་ཚེས་གཅིག་ལ་འཛིན་པ་ནི་དུས་འཁོར་རྩ་རྒྱུད་ཀྱི་རྗེས་སུ་འབྲངས་ནས་སྐར་རྩིས་པ་རྣམས་ཀྱི་ལུགས། ༢,བོད་ཟླ་དང་པོའི་ཚེས་གཅིག་ལ་འཛིན་པ་ནི། མདོ་སྡེ་གསེར་འོད་དང་སྨན་གྱི་རྒྱུད་བཞི་ལྟར་རྒྱ་ནག་ཧོར་རྒྱལ་པོ། བོད་ཁ་བ་ཅན་པ། ནག་རྩིས་པ་འགའ་ཞིག་བཅས་ཐམས་ཅད་མཐུན་པས་ད་ལྟ་ཡོངས་གྲགས་ལྟར་རོ། །༣,བོད་ཟླ་བཅུ་གཉིས་པའམ་དགུན་ཟླ་འབྲིང་པོ་རྒྱལ་ཟླ་བ་ནས་འཛིན་པ་ནི་གདན་བཞི་དང་རྡོ་རྗེ་མཁའ་འགྲོའི་ལུགས། ༤ ,བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་གམ་དགུན་ཉི་ལྡོག་ནས་འཛིན་པ་ནི་ནག་རྩིས་པ་རྣམས་ཀྱི་ལུགས་ཡིན། རགས་རྩིས་བྱས་ན་ཚེས་གཅིག་དང་། ཞིབ་རྩིས་བྱས་ན་དགུན་ཉི་ལྡོག་ནས་འཛིན། ༥,བོད་ཟླ་བཅུ་པའི་མར་ངོའི་ཚེས་གཅིག་ནས་འཛིན་པ་ནི་འདུལ་བ་དང་། མངོན་པ་མཛོད་ཀྱིས་རྗེས་སུ་འབྲངས་ནས་ས་པཎ་དང་རྗེ་ཙོང་ཁ་པ་སོགས་ཀྱི་ལུགས་ཡིན། ༦,བོད་ཟླ་དགུ་པའི་མར་ངོའི་གཅིག་ནས་འཛིན་པ་ནི་མདོ་ཉི་མའི་སྙིང་པོའི་རྗེས་སུ་འབྲངས་ནས། ཁ་ཆེ་པཎ་ཆེན། སྣར་ཐང་བ། མཆིམས་འཇམ་དབྱངས་སོགས་ཀྱི་ལུགས་ཡིན། ༧བོད་ཟླ་བརྒྱད་པའི་མར་ངོའི་ཚེས་གཅིག་ནས་འཛིན་པ་ནི་རྟེན་འབྲེལ་མདོ་འགྲེལ་གྱི་རྗེས་སུ་འབྲངས་ནས་སྐྱོར་མོ་ལུང་གི་སྦ་ཏི་དགྲ་བཅོམ་པ་སོགས་ཀྱི་ལུགས་ཡིན།
- language:
- Tibetan
4. smon lam tshig mdzod chen mo
ལོ་རེའི་ཟླ་བ་བཅུ་གཉིས་ལས་གང་དང་གང་ལ་ལོ་ཡི་འགོ་འཛིན་ཚུལ་མི་འདྲ་བ་དུ་མ་ཡོད་དེ། ཧོར་ཟླའི་སྒོ་ནས་བཤད་ན། 1)ཧོར་ཟླ་གསུམ་པའི་ཚེས་གཅིག་སྟེ་ནག་ཟླ་ཡར་ངོའི་ཚེས་གཅིག་ལ་འཛིན་པ་ནི་དུས་འཁོར་རྩ་རྒྱུད་ཀྱི་རྗེས་སུ་འབྲངས་ནས་སྐར་རྩིས་པ་རྣམས་ཀྱི་ལུགས། 2)ཧོར་ཟླ་དང་པོའི་ཚེས་གཅིག་ལ་འཛིན་པ་ནི། མདོ་སྡེ་གསེར་འོད་དང་སྨན་གྱི་རྒྱུད་བཞི་ལྟར་རྒྱ་ནག་ཧོར་རྒྱལ་པོ། བོད་ཁ་བ་ཅན་པ། ནག་རྩིས་པ་འགའ་ཞིག་བཅས་ཐམས་ཅད་མཐུན་པས་ད་ལྟ་ཡོངས་གྲགས་ལྟར་རོ། 3)ཧོར་ཟླ་བཅུ་གཉིས་པའམ་དགུན་ཟླ་འབྲིང་པོ་རྒྱལ་ཟླ་བ་ནས་འཛིན་པ་ནི་གདན་བཞི་དང་རྡོ་རྗེ་མཁའ་འགྲོའི་ལུགས། 4) ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་གམ་དགུན་ཉི་ལྡོག་ནས་འཛིན་པ་ནི་ནག་རྩིས་པ་རྣམས་ཀྱི་ལུགས་ཡིན། རགས་རྩིས་བྱས་ན་ཚེས་གཅིག་དང༌། ཞིབ་རྩིས་བྱས་ན་དགུན་ཉི་ལྡོག་ནས་འཛིན། 5)ཧོར་ཟླ་བཅུ་པའི་མར་ངོའི་ཚེས་གཅིག་ནས་འཛིན་པ་ནི་འདུལ་བ་དང༌། མངོན་པ་མཛོད་ཀྱི་རྗེས་སུ་འབྲངས་ནས་ས་པཎ་དང་རྗེ་ཙོང་ཁ་པ་སོགས་ཀྱི་ལུགས་ཡིན། 6)ཧོར་ཟླ་དགུ་པའི་མར་ངོའི་གཅིག་ནས་འཛིན་པ་ནི་མདོ་ཉི་མའི་སྙིང་པོའི་རྗེས་སུ་འབྲངས་ནས། ཁ་ཆེ་པཎ་ཆེན་དང༌། སྣར་ཐང་བ། མཆིམས་འཇམ་དབྱངས་སོགས་ཀྱི་ལུགས་ཡིན། 7)ཧོར་ཟླ་བརྒྱད་པའི་མར་ངོའི་ཚེས་གཅིག་ནས་འཛིན་པ་ནི་རྟེན་འབྲེལ་མདོ་འགྲེལ་གྱི་རྗེས་སུ་འབྲངས་ནས་སྐྱོར་མོ་ལུང་གི་སྦ་ཏི་དགྲ་བཅོམ་པ་སོགས་ཀྱི་ལུགས་ཡིན།
- language:
- Tibetan