- lo ngam rta rdzi/
- ID:
- T198358
- ལོ་ངམ་རྟ་རྫི (Tibetan, Tibetan script, Original)
- > lo ngam rta rdzi/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > longam tadzi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. bod rgya tshig mdzod chen mo
[2807] སྔ་དུས་བོད་རྗེ་གྲི་གུམ་བཙན་པོའི་སྐབས་ཀྱི་ཚོ་དཔོན་ཞིག་འདིས་གྲི་གུམ་བཙན་པོ་བཀྲོངས་ཏེ་རྒྱལ་ས་ཕྲོགས། རྒྱལ་བུ་གསུམ་ཡུལ་གཞན་དུ་སྤྱུགས། རྗེའི་སྲས་མོ་བཙུན་མོར་བྱས། མཐར་གྲི་གུམ་བཙན་པོའི་བཙུན་མོ་ཡུག་སར་ལུས་པ་ལས་སྐྱེས་པའི་བྱི་ཕྲུག་རུ་ལས་སྐྱེས་ཀྱིས་བསད་པ་རེད། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
(བློན་པོ་ལོ་ངམ་མམ་རྒྱལ་ཕྲན་ལོ་ངམ་རྟ་རྫི་ཞེས་པའང་སྣང་)འདི་ཉིད་ཀྱིས་གྲི་གུམ་བཙན་པོ་བཀྲོངས་པའི་སྐོར་ལ་བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་། ལོ་ངམ་གྱིས་མཁར་མྱང་རོ་ཤམ་པོར་སྔོན་ལ་བསྐྱོད་ནས་འཐབ་གྲ་བསྒྲིགས། བཙན་པོ་ཕེབས་ནས་ཁོང་གཉིས་མྱང་རོ་ཐལ་བ་ཚལ་དུ་གཡུལ་འགྱེད་པ་ན། ལོ་ངམ་གྱིས་བ་གླང་བརྒྱ་ལ་མདུང་རྩེ་རྣོན་ཉིས་བརྒྱ་ཕྲེད་ལ་བཏགས་པ་དང་། རྒྱབ་ཏུ་ཐལ་བའི་རྐྱལ་པ་བཀལ་བ་རྣམས་བཏང་བས་གླང་རྣམས་ཕན་ཚུན་འཐབ་སྟེ་ཐལ་འཚུབ་འཕྱུར་བའི་གསེང་ནས་ལོ་ངམ་གྱིས་རྒྱུགས་ཏེ་མཆན་འོག་ནས་སྟེའུ་ཕྱུངས་ཏེ་གྲི་གུམ་བཙན་པོ་བཀྲོངས་ཤིང་། རེ་ཞིག་འདི་བས་རྒྱལ་ས་བཟུང་ནས་གྲི་གུམ་གྱི་སྲས་གསུམ་ཀོང་ཡུལ་དུ་སྤྱུགས་པ་དང་། ལྷ་གཅིག་ཆུང་མར་བཟུང་། ལྕམ་སྲིང་བཞི་ཡི་ཡུམ་ལ་རྟ་རྫི་བཅོལ། མཐར་རུ་ལས་སྐྱེས་ཀྱིས་འཕྲུལ་དང་ཐབས་ལ་བརྟེན་ནས་ལོ་ངམ་བརྟེན་ནས་ལོ་ངམ་བརྟུལ་ཅེས་གསལ།
- language:
- Tibetan
4. Thupten Phuntsok Dictionary
སྔ་དུས་བོད་རྗེ་གྲི་གུམ་བཙན་པོའི་སྐབས་ཀྱི་ཚོ་དཔོན་ཞིག འདིས་གྲི་གུམ་བཙན་པོ་བཀྲོངས་ཏེ་རྒྱལ་ས་ཕྲོགས། རྒྱལ་བུ་གསུམ་ཡུལ་གཞན་དུ་སྤྱུགས། རྗེའི་སྲས་མོ་བཙུན་མོར་བྱས།
- language:
- Tibetan
5. smon lam tshig mdzod chen mo
སྔ་དུས་བོད་རྗེ་གྲི་གུམ་བཙན་པོའི་སྐབས་ཀྱི་ཚོ་དཔོན་ཞིག་འདིས་གྲི་གུམ་བཙན་པོ་བཀྲོངས་ཏེ་རྒྱལ་ས་ཕྲོགས། རྒྱལ་བུ་གསུམ་ཡུལ་གཞན་དུ་སྤྱུགས། རྗེའི་སྲས་མོ་བཙུན་མོར་བྱས། མཐར་གྲི་གུམ་བཙན་པོའི་བཙུན་མོ་ཡུག་སར་ལུས་པ་ལས་སྐྱེས་པའི་བྱི་ཕྲུག་རུ་ལས་སྐྱེས་ཀྱིས་བསད་པ་རེད།
- language:
- Tibetan
6. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་སྐུ་འཁྲུངས་ཤིང་གྲི་གུམ་བཙན་པོའི་རྟ་དཔོན་ཡིན་ཏེ། རྗེས་སུ་རྒྱལ་པོ་གྲི་གུམ་བཙན་པོ་བཀྲོངས་ནས་རྒྱལ་ས་རེ་ཞིག་བཟུང་ཡང་སྤུ་དེ་གང་[1668]རྒྱལ་དང་བློན་པོ་རུ་ལས་སྐྱེས་གཉིས་ཀྱིས་མཁར་མྱང་རོ་ཤམ་པོར་བཀྲོངས་སོ། །
- language:
- Tibetan