- log pa'i kun rdzob/
- ID:
- T198750
- ལོག་པའི་ཀུན་རྫོབ (Tibetan, Tibetan script, Original)
- > log pa'i kun rdzob/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > lokpé kündzop (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Jeffrey Hopkins Dictionary
བརྫབ་རྫོབ་བརྫབས་རྫོབས་
Hopkins' Translations: unreal/incorrect conventionality
Sanskrit: mithyāsaṃvṛtisatya
Comment: From within objects and subjects, the translation for objects is unreal conventionality; for subjects it is incorrect conventionality.
- language:
- Tibetan
2. Rangjung Yeshe Dictionary
-
false relative [truth]. the wrong relative. false conventional truth, erroneous / fictitious relative truth, def. སྣང་སྲིད་སྣོད་བཅུད་བློ་བཀོད་པའི་ཆོས་སོ་ཅོག་དང་བཅད་པ་ཡུལ་འཁྲུལ་སྣང་བློ་རྫུན་པའི་ངོ་བོ་ལ་སྣང་བ་ཡིན་པའི་ཕྱིར་
- language:
- English
-
the mistaken relative [thd]
- language:
- English
-
the mistaken relative
- language:
- English
3. Ives Waldo Dictionary
false conventional truth, erroneous/ fictitious relative truth
- language:
- English
5. dung dkar bod rig pa'i tshig mdzod chen mo
ཀུན་རྫོབ་བདེན་པ་ལ་དབྱེ་བ་གཉིས་སུ་བྱས་པའི་ཡ་གྱལ་ཞིག་སྟེ། ཐ་སྙད་པའི་ཚད་མས་རྙེད་པའི་དོན་གང་ཞིག་རང་སྣང་བའི་བློ་ལ་སྣང་བ་ལྟར་དོན་བྱེད་མི་ནུས་པའི་ཆོས་དེ་ལོག་པའི་ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། སྨིག་རྒྱུའི་ཆུ་དང། སྒྱུ་མའི་རྟ་ལ་སོགས་པ་ལྟ་བུའོ། །དཔེར་ན་སྨིག་རྒྱུའི་ཆུ་དེ་རང་འཛིན་མངོན་སུམ་ལ་སྣང་བ་ལྟར། དོན་བྱེད་མི་ནུས་པས་ན། ལོག་པའི་ཀུན་རྫོབ་བོ། དེ་ལྟར་ཡང་ལོག་གཉིས་སུ་དབྱེ་བ་དེ་ཡང་སྣང་ལ་དོན་བྱེད་ནུས་པ་དང་མི་ནུས་པས་དབྱེ་བ་ཡིན་ཏེ། ཇི་སྐད་དུ། སྣང་དུ་འདྲ་ཡང་དོན་བྱེད་དག། །ནུས་པའི་ཕྱིར་དང་མི་ནུས་པའི་ཕྱིར། ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan
6. Thupten Phuntsok Dictionary
ཀུན་རྫོབ་བདེན་པ་ལ་དབྱེ་བ་གཉིས་སུ་བྱས་པའི་ཡ་གྱལ་ཞིག་སྟེ། ཐ་སྙད་པའི་ཚད་མས་རྙེད་པའི་དོན་གང་ཞིག་རང་སྣང་བའི་བློ་ལ་སྣང་བ་ལྟར་དོན་བྱེད་མི་ནུས་པའི་ཆོས་དེ་ལོག་པའི་ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། སྨིག་རྒྱུའི་ཆུ་དང་། སྒྱུ་མའི་རྟ་ལ་སོགས་པ་ལྟ་བུའོ། །དཔེར་ན་སྨིག་རྒྱུའི་ཆུ་དེ་རང་འཛིན་མངོན་སུམ་ལ་སྣང་བ་ལྟར། དོན་བྱེད་མི་ནུས་པས་ན། ལོག་པའི་ཀུན་རྫོབ་བོ། །དེ་ལྟར་ཡང་ལོག་གཉིས་སུ་དབྱེ་བ་ཡིན་དེ་ཡང་སྣང་ལ་དོན་བྱེད་ནུས་པ་དང་མི་ནུས་པས་དབྱེ་བ་ཡིན་ཏེ། ཇི་སྐད་དུ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan