- long ga
- ID:
- T198970
- ལོང་ག (Tibetan, Tibetan script, Original)
- > long ga (Tibetan, Latin script, Transliteration-THL Extended Wylie Transliteration)
- > longa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
3. bod rgya tshig mdzod chen mo
[2816] ། མི་ལུས་ཀྱི་བྱང་ཁོག་སྨད་ཀྱི་ཆར་ཡར་སྣེ་རྒྱུ་མ་དང་མར་སྣེ་གཞང་དུ་འབྲེལ་བའི་སྣོད་དྲུག་གི་ཡ་གྱལ་ཞིག་སྟེ། དེའི་བྱེད་ལས་ནི་ལུས་ཀྱི་རླུང་ཁམས་ཀྱི་སྙིགས་མ་དང། ཟས་རོ་རྣམས་བསགས་ཤིང་ཐུར་དུ་གཏོང་བ་སོགས་བྱེད་པ་ཡིན་ནོ། ...
- language:
- English
4. dag yig gsar bsgrigs
མི་ཕྱུགས་ཀྱི་སྣོད་དྲུག་གི་ཡ་གྱལ་ཞིག་སྟེ། ཕོ་བའི་མར་སྣེ་དང་འབྲེལ་བའི་རྒྱུ་མ་སོར་བཅུ་གཉིས་ཙམ་དེ་ལ་རྒྱུ་མདའ་ཟེར། རྒྱུ་མདའི་མར་སྣེར་འབྲེལ་བ་ནི་རྒྱུ་ནག་གམ་རྒྱུ་སྟོད་ཟེར། རྒྱུ་ནག་དང་འབྲེལ་བ་ནི་ལོང་ག་ཡིན་ཞིང་། ལོང་ག་ལ་སྨན་གཞུང་དུ་སྲིན་ལོང་དང་རྩམ་ལོང་ཁྲག་ལོང་བཅས་ཆ་གསུམ་དུ་ཕྱེ་ཡོད། ལོང་གའི་སྣེ་ལ་གཉེ་མའམ་རྒྱུ་སྨད་འ བྲེ ལ་ཞིང་དེའི་སྣེར་བཤང་ལམ་འབྲེལ་ཡོད།
- language:
- Tibetan
5. Thupten Phuntsok Dictionary
མི་ལུས་ཀྱི་བྱང་ཁོག་སྨད་ཀྱི་ཆར་ཡར་སྣེ་རྒྱུ་མ་དང་མར་སྣེ་གཞང་དུ་འབྲེལ་བའི་སྣོད་དྲུག་གི་ཡ་གྱལ་ཞིག་སྟེ། དེའི་བྱེད་ལས་ནི་ལུས་ཀྱི་རླུང་ཁམས་ཀྱི་སྙིགས་མ་དང་། ཟས་རོ་རྣམ་བསགས་ཤིང་ཐུར་དུ་གཏོང་བ་སོགས་བྱེད་པ་ཡིན་ནོ། །
- language:
- Tibetan
6. smon lam tshig mdzod chen mo
མི་ཕྱུགས་ཀྱི་སྣོད་དྲུག་གི་ཡ་གྱལ་ཞིག་ཕོ་བའི་མར་སྣེ་དང་འབྲེལ་བའི་རྒྱུ་མ་སོར་བཅུ་གཉིས་ཙམ་དེ་ལ་རྒྱུ་མདའ་ཟེར། རྒྱུ་མདའི་མར་སྣེར་འབྲེལ་བ་ནི་རྒྱུ་ནག་གམ་རྒྱུ་སྟོད་ཟེར། རྒྱུ་ནག་དང་འབྲེལ་བ་ནི་ལོང་ག་ཡིན་ཞིང་། ལོང་ག་ལ་སྨན་གཞུང་དུ་སྲིན་ལོང་དང་རྩམ་ལོང་ཁྲག་ལོང་བཅས་ཆ་གསུམ་དུ་ཕྱེ་ཡོད། ལོང་གའི་སྣེ་ལ་གཉེ་མའམ་རྒྱུ་སྨད་འབྲེལ་ཞིང་། དེའི་སྣེར་བཤང་ལམ་འབྲེལ་ཡོད།
- language:
- Tibetan