Skip to main content Skip to search
sha bkra/
ID:
T199314
  • ཤ་བཀྲ (Tibetan, Tibetan script, Original)
    • > sha bkra/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shatra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

ཤ་བཀྲ་ skin disease/ nadi

language:
Tibetan

2. Jim Valby Dictionary

vein, cutaneous disease, white leprosy

language:
English

3. bod rgya tshig mdzod chen mo

[2820] སྲིན་དང་ཆུ་སེར་གཉིས་འདོམས་པའི་པགས་ནད་ཤ་ཁྲ་བོར་འགྱུར་བ་ཞིག་...

language:
English

4. dag yig gsar bsgrigs

is related to
sha/

མིའི་ལུས་ཀྱི་སྐྱི་མོའི་མདོག་དཀར་ཁྲར་འགྱུར་བའི་པགས་ནད་རིགས་ཤིག་གི་མིང་།

language:
Tibetan

5. Thupten Phuntsok Dictionary

ཆུ་སེར་པགས་ལ་གྲམས་ནས་གནས་དེར་རྒྱས་པས་ཤ་རོ་མངོན་པར་བཀྲ་བ་འབྱུང་བའི་པགས་ནད་གདུག་པ་ཅན་གྱི་མིང་ཞིག་སྟེ། སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། རྔུལ་བཅས་རུལ་ཞིང་རྣག་པ་དང་། སྲིན་བུ་ཕྲ་མོ་མི་ཟད་སྐྱེ། སྤུ་པགས་རྩ་བ་རྩ་ཆེན་དང་། རུས་པ་རྙིང་པ་རིད་བཞིན་ཟ། དེ་བས་ཤ་བཀྲ་ཕྱི་རོལ་ཏེ། ཞེས་གསུངས་པ་ལྟར་དང་། ལྷོ་བྲག་རིན་ཆེན་གླིང་པས་མཛད་པའི་ཆུ་སེར་ནག་པོའི་བཅོས་བདེ་བ་མྱུར་སྟེར་ལས། ཤ་བཀྲ་ནི་ཆུ་སེར་པགས་ལ་གྲམས་ཏེ་གནས་གང་དུ་ཞུགས་པའི་རྟགས་སུ་ཕྱིར་ཤ་རོ་མངོན་པར་བཀྲ་བ། ཚབས་ཆེ་བ་རྣམས་པགས་མཛེ་རུ་འགྲོ་ཞིང་རུས་འབྲས་དང་། ཕོལ་མིག་དང་། ཐིག་ནག་སོགས་རྨ་ངན་ཀུན་འདི་བཅོས་ཉེས་ལས་འབྱུང་བ་མང་བས་གཟབ་བོ། །ཞེས་དང་། སོག་པོ་ལུང་རིགས་བསྟན་དར་གྱིས་མཛད་པའི་མན་ངག་རྒྱུད་ཀྱི་ལྷན་ཐབས་ཀྱི་དཀའ་གནས་བཀྲོལ་བ་རྣམ་རྒྱལ་གསེར་མདོག་གི་ཕྲེང་བ་ལས། ཤ་བཀྲ་ནི། ཤ་མདོག་འགྱུར་ཏེ་ཁྲ་བོར་གྱུར་པས་ཤ་ཁྲ་ཞེས་ཀྱང་བྱ། དེ་ལ་ཡང་ནང་ཚན་རླུང་གྱུར་སྨུག་ནག་རྩུབ་པ། མཁྲིས་གྱུར་བ་སྤུ་འབྱི་ཞིང་དམར་ལ་ཚ་བྲབ་བྱེད་པ། བད་གྱུར་གཡའ་ཞིང་སྐྱ་ལ་མཐུག་པའོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan

6. smon lam tshig mdzod chen mo

ནི་མིའི་ལུས་ཀྱི་སྐྱི་མོའི་མདོག་དཀར་ཁྲར་འགྱུར་བའི་པགས་ནད་རིགས་ཤིག་གི་མིང་།

language:
Tibetan

7. Mahāvyutpatti: Sanskrit-Tibetan-English Vocabulary

Sanskrit:


  • hariṇaḥ
  • sitapuṣpikam

8. Negi Tibetan-Sanskrit Dictionary

  • pā. kilāsam, vyādhiviśeṣaḥ — མཛེའམ་ཤ་བཀྲའམ … རྐང་ཤུ་ལ་སོགས་པའི་ནད་ཀྱིས་བཏབ་པར་གྱུར་པ kuṣṭhakilāsa…vicarcikādyai rogaiḥ sampīḍyante sma la.vi.40kha/53; śvitram— ཤ་བཀྲ་བ་ལ་སོགས་པ་ལས་སྐྱེས་པའི་ནད་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། ལས་དེ་འདྲ་བ་ཡོད་པའི་ཕྱིར་རོ༎ karmajo hi vyādhiḥ śvitrādirasādhyo bhavati pra.a.68kha/77; sidhmam mi.ko.52kha; sitapuṣpikam mi.ko.52kha;

    language:
    Sanskrit
  • saṃ. hariṇaḥ ma.vyu.4796 (74ka).

    language:
    Sanskrit

sha bkra/ has 1 other term directly related to it, which is presented here.


Sanskrit:
hariṇaḥ, sitapuṣpikam