Skip to main content Skip to search
shar pa rin chen rgyal mtshan/
ID:
T200162
  • ཤར་པ་རིན་ཆེན་རྒྱལ་མཚན (Tibetan, Tibetan script, Original)
    • > shar pa rin chen rgyal mtshan/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sharpa rinchen gyemtsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

shar pa rin chen rgyal mtshan

language:
English

2. bod rgya tshig mdzod chen mo

[2837] རབ་བྱུང་ལྔ་པའི་ས་བྱི་ལོ་ཙམ་ནས་ལུང་བཞིན་བཞི་ཐོག་བླ་བྲང་གི་ཁྲི་ཐོག་ལོ་བཅོ་བརྒྱད་བཞུགས། ཆུ་ཡོས་ལོ་ནས་ཏི་ཤྲི་འཇའ་ས་བཟུང། ཤིང་སྦྲུལ་ལོ་ལ་འདས། ...

language:
English

3. dung dkar bod rig pa'i tshig mdzod chen mo

ས་སྐྱའི་ཁྲི་ཐོག་དགུ་པ་ཤར་པ་རིན་ཆེན་རྒྱལ་མཚན་ནི་རབ་བྱུང་བཞི་པའི་ས་རྟ(༡༢༥༨)ལོར་སྐུ་འཁྲུངས། རྗེ་འདི་ནི་འགྲོ་མགོན་འཕགས་པའི་དངོས་སློབ་ཤར་པ་ཤེས་རབ་འབྱུང་གནས་རབ་བྱུང་མ་མཛད་གོང་གི་སྲས་གསུམ་པ་ཡིན། ས་སྐྱའི་གདུང་རྒྱུད་དངོས་མིན་ཀྱང་གདན་ས་སྐྱོང་བའི་མཛད་རྗེས་ཆེ། ཁྲི་ཐོག་བརྒྱད་པ་ངྷརྨ་པཱ་ལ་མེ་ཕག(༡༢༨༧)ལོར་སྐུ་གཤེགས་རྗེས་ས་སྐྱའི་གདུང་རྒྱུད་ཆད་ལ་ཉེ་བའི་སྐབས་ཤར་པ་རིན་ཆེན་རྒྱལ་མཚན་དགུང་ལོ་སུམ་ཅུ་སོ་གཉིས་བཞེས་པ་རབ་བྱུང་ལྔ་པའི་ས་གླང(༡༢༨༩)ལོར་ས་སྐྱའི་གདན་ཁྲིར་ཕེབས་ནས་ཆོས་འཆད་ཉན་དང་། ལྷ་ཁང་རྙིང་པ་ཁག་ཉམས་གསོ། ཤིང་སྦྲུལ(༡༣༠༥)ལོར་ལྷ་ཁང་ཆེན་མོའི་ཡང་ཐོག་ཐིག་ཁང་གི་ཁོར་ཡུག་ཏུ་རྣལ་འབྱོར་རྒྱུད་མན་ཆད་ཀྱི་དཀྱིལ་འཁོར་ཆེན་པོ་བརྒྱ་དང་བཞི་བཅུ་ཞེ་བརྒྱད། རིག་བསྡུས་ཀྱི་དཀྱིལ་འཁོར་དྲུག་བརྒྱ་སུམ་སོ་དགུ་བཅས་ཁྱོན་དཀྱིལ་འཁོར་བདུན་བརྒྱ་བརྒྱད་ཅུ་གྱ་བདུན་སོ་སོའི་བརྒྱུད་རིས་དང་བཅས་པ་འབྲི་བར་མཛད། རྗེ་དེ་ཉིད་ཀྱིས་ངྷརྨ་པཱ་ལ་སྐུ་གཤེགས་ནས་ལོ་གཉིས་སོང་རྗེས་ས་སྐྱའི་གདན་ས་མཛད་པ་ནས་བདག་ཆེན་བཟང་པོ་དཔལ་བ་བོད་དུ་ཕེབས་ཏེ་གདན་ས་མ་གནང་བའི་བར་ལོ་བཅོ་བརྒྱད་རིང་ས་སྐྱའི་གདན་ས་བསྐྱངས་ཏེ་ས་སྐྱ་པའི་ཆོས་སྔར་ལས་ལྷག་པའི་འཕེལ་རྒྱས་སོང་བའི་མཛད་རྗེས་ཆེ། རབ་བྱུང་ལྔ་པའི་མེ་རྟ(༡༣༠༦)ལོར་བདག་ཆེན་བཟང་པོ་དཔལ་བ་ལ་གདན་ས་ཕུལ་རྗེས། ལོ་དེའི་ལོ་མཇུག་དགུང་ལོ་བཞི་བཅུ་ཞེ་དགུ་པར་སྐུ་གཤེགས།

language:
Tibetan

4. Thupten Phuntsok Dictionary

ཤར་པ་འཇམ་དབྱངས་བཞི་ཐོག་པ་དང་དོན་གཅིག

language:
Tibetan

5. smon lam tshig mdzod chen mo

རབ་བྱུང་ལྔ་པའི་ས་བྱི་ལོ་ཙམ་ནས་ལུང་བཞིན་བཞི་ཐོག་བླ་བྲང་གི་ཁྲི་ཐོག་ལོ་བཅོ་བརྒྱད་བཞུགས། ཆུ་ཡོས་ལོ་ནས་ཏི་ཤྲིའི་འཇའ་ས་བཟུང༌། ཤིང་སྦྲུལ་ལོ་ལ་འདས།

language:
Tibetan