- shing 'brug dmag
- ID:
- T200874
- ཤིང་འབྲུག་དམག (Tibetan, Tibetan script, Original)
- > shing 'brug dmag (Tibetan, Latin script, Transliteration-THL Extended Wylie Transliteration)
- > shindrukmak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. bod rgya tshig mdzod chen mo
[2846] རབ་བྱུང་བཅོ་ལྔ་པའི་ཆུ་སྟག་དང་ཆུ་ཡོས་ལོར་དབྱིན་ཇིའི་བཙན་འཛུལ་དམག་གིས་རང་རྒྱལ་གྱི་གཏང་ཁུལ་གྱི་གམ་པ་རྫོང་སོགས་སྔ་རྟིང་དུ་བཙན་བཟུང་བྱས་ཤིང། ཤིང་འབྲུག་ལོར་རོང་ཧོ་ཕེང་དང་མ་ཁེ་ཐང་ན་གཉིས་ཀྱིས་དབྱིན་ཇིའི་དམག་མི་སུམ་སྟོང་ལྷག་ཙམ་ཞིག་ཁྲིད་དེ་མུ་མཐུད་ནས་ནང་འཛུལ་བྱེད་སྐབས་རྒྱལ་རྩེར་བོད་མི་དམངས་དང་དམག་མི་རྣམས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་ཀྱང་མ་ཐུབ་པར་ཟླ་8ཚེས་3ཉིན་དབྱིན་དམག་ལྷ་སར་སླེབས། ཟླ་9ཚེས་7ཉིན་རྩེ་ཕོ་བྲང་དུ་བཙན་ཤུགས་ལ་བརྟེན་ནས་ལྷ་སའི་ཆིངས་ཡིག་ཐོག་མིང་རྟགས་འགོད་དུ་བཅུག་པ་དེ་ལོ་རྒྱུས་ཐོག་ཤིང་འབྲུག་དམག་ལ་ཟེར། …
- language:
- Tibetan
3. Thupten Phuntsok Dictionary
རབ་བྱུང་བཅོ་ལྔ་པའི་ཆུ་སྟག་དང་ཆུ་ཡོས་ལོར་དབྱིན་ཇིའི་བཙན་འཛུལ་དམག་གིས་རང་རྒྱལ་གྱི་གཙང་ཁུལ་གྱི་གམ་པ་རྫོང་སོགས་སྔ་རྟིང་དུ་བཙན་བཟུང་བྱས་ཤིང་། ཤིང་འབྲུག་ལོར་རོང་ཧོ་ཕེང་དང་མའེ་ཁེ་ཐང་ན་གཉིས་ཀྱིས་དབྱིན་ཇིའི་དམག་མི་སུམ་སྟོང་ལྷག་ཙམ་ཞིག་ཁྲིད་དེ་མུ་མཐུད་ནས་ནང་འཛུལ་བྱེད་སྐབས་རྒྱལ་རྩེར་བོད་མི་དམངས་དང་དམག་མི་རྣམས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་ཀྱང་མ་ཐུབ་པར་ཟླ་༨ཚེས༣ཉིན་དབྱིན་དམག་ལྷ་སར་སླེབས། ཟླ༩ཚེས་༧ཉིན་རྩེ་ཕོ་བྲང་དུ་བཙན་ཤུགས་ལ་བརྟེན་ནས་ལྷ་སའི་ཆིངས་ཡིག་ཐོག་མིང་རྟགས་འགོད་དུ་བཅུག་པ་དེ་ལོ་རྒྱུས་ཐོག་ཤིང་འབྲུག་དམག་ཟེར།
- language:
- Tibetan
4. smon lam tshig mdzod chen mo
རབ་བྱུང་བཅོ་ལྔ་པའི་ཆུ་སྟག་དང་ཆུ་ཡོས་ལོར་དབྱིན་ཇིའི་བཙན་འཛུལ་དམག་གིས་རང་རྒྱལ་གྱི་གཏང་ཁུལ་གྱི་གམ་པ་རྫོང་སོགས་སྔ་རྟིང་དུ་བཙན་བཟུང་བྱས་ཤིང༌། ཤིང་འབྲུག་ལོར་རོང་ཧོ་ཕེང་དང་མའེ་ཁེ་ཐང་ན་གཉིས་ཀྱིས་དབྱིན་ཇིའི་དམག་མི་སུམ་སྟོང་ལྷག་ཙམ་ཞིག་ཁྲིད་དེ་མུ་མཐུད་ནས་ནང་འཛུལ་བྱེད་སྐབས་རྒྱལ་རྩེར་བོད་མི་དམངས་དང་དམག་མི་རྣམས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་ཀྱང་མ་ཐུབ་པར་ཟླ་8 ཚེས་3 ཉིན་དབྱིན་དམག་ལྷ་སར་སླེབས། ཟླ་9 ཚེས་7 ཉིན་རྩེ་ཕོ་བྲང་དུ་བཙན་ཤུགས་ལ་བརྟེན་ནས་ལྷ་སའི་ཆིངས་ཡིག་ཐོག་མིང་རྟགས་འགོད་དུ་བཅུག་པ་དེ་ལོ་རྒྱུས་ཐོག་ཤིང་འབྲུག་དམག་ལ་ཟེར།
- language:
- Tibetan