Skip to main content Skip to search
shes rab rgyal mtshan/
ID:
T202466
  • ཤེས་རབ་རྒྱལ་མཚན (Tibetan, Tibetan script, Original)
    • > shes rab rgyal mtshan/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sherap gyemtsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

1) མཉམ་མེད་ 1356-1415 Bönpo master; 2) dol po pa, 1292-1361; mnyam med

language:
English

2. dung dkar bod rig pa'i tshig mdzod chen mo

ཤར་རྒྱལ་མོ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་གནས་པའི་ཡུལ་སྟེགས་མཆོག་བྱ་བའི་གནས་སུ་ཡབ་བོན་རིགས་བཞི་ལ་མཁས་པ་ཀླུ་རྒྱལ་དང་ཡུམ་རིན་ཆེན་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་སྤྲེལ(༡༣༥༦)ལོར་སྐུ་བལྟམས། སྐུ་ན་ཆེས་ཕྲ་མོ་ཉིད་ནས་ཡབ་ཀྱི་དྲུང་དུ་འབྲི་ཀློག་དང་མོ་རྩིས་གཏོ་དང་སྨན་དཔྱད་སོགས་རྒྱུའི་བོན་ལ་སྦྱངས་པ་མཛད། དགུང་ལོ་བཅུའི་ཐོག་བྱ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་དང་པོ་བསྙེན་གནས་དགེ་བསྙེན་གྱི་སྡོམ་པ་བཞེས། ཁྲོ་ཀློང་རྣམ་གསུམ་དང། ཡར་མེ་བའི་བཀའ་རྟེན་རྣམ་པར་མཛོད་གབ་པ། རྩ་བརྒྱུད་གཞུང་ཆེན་སོགས་རྒྱུན་མཁོའི་སྔོན་འགྲོའི་ཕྱག་ལེན་གྱི་གཞུང་རྣམས་ཐུགས་འཛིན་མཛད། བཤེས་གཉེན་དེས་རབ་ཏུ་བྱུང་བའི་མཚན་ཤེས་རབ་རྒྱལ་མཚན་དུ་གསོལ་ཞིང་ཤ་ཆང་སྒོག་བཙོང་སྤངས་ནས་བསླབ་ཁྲིམས་ཚུལ་བཞིན་བསྲུངས་ཏེ་བོན་གྱི་ཆོས་སྒོ་ཁག་གསན་སྦྱོང་མཛད། མི་རིང་བར་བོན་རིགས་བཞི་ལ་མཁས་པར་གྱུར་ཀྱང་ངོམ་པ་མེད་པར་བོད་ཡུལ་ཀུན་འགྲིམས་ཏེ་སྐབས་དེར་བོན་གྱི་སྐོར་ལ་མཁས་པའི་རྩེར་སོན་པའི་མཁས་གྲུབ་ཡོད་དོ་ཅོག་གི་ཞབས་ལ་གཏུགས་ནས་གསན་སྦྱོང་མཛད། ཁྱད་པར་དུ་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་དྲུང་ནས་ཕར་ཕྱིན་པ་དང་། འདུལ་བ། དབུ་མ་གསན་སྦྱོང་གིས་མཁས་པར་གྱུར་ཏེ་རབ་འབྱམས་ཆེན་པོའི་མཚན་རྟགས་ཐོབ་པ་དང་འབྲེལ་དྲང་སྲོང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སླར་ཡང་བཤེས་གཉེན་གང་གི་དྲུང་ནས་ཕྱི་ནང་གསང་གསུམ་གྱི་རྒྱུད་ལུང་དུ་མ་དང་། 《མཚན་ཉིད་སྡེ་ལྔ》 《སྒྲ་འགྲེལ》 《འབུམ་དང་མཁས་བརྒྱད་གཏན་ལ་འབེབས་པའི་བཤད་པ》 《འདུལ་བའི་ཊཱིཀྐ》 《འཕྲིན་ལས་བཅོ་བརྒྱད་ཀྱི་བཤད་པ》 《འབྱུང་ཁུངས་མདོ》 《མདོ་སྡེ་ཉེར་གཅིག》 《ཐེག་པ་རིམ་པ་མངོན་དུ་བཤད་པའི་མདོ》 《རྒྱུད་མེ་ལོང་དགུ་སྐོར》 《ཚད་མ་རྣམ་འབྱེད》 《དབུ་མ་རྩོད་བཟློག》 《གཏན་ཚིགས་ཐེག་པ》 སོགས་ལུང་རིག་གི་རྣམ་གཞག་ཇི་སྙེད་གསན་སྦྱོང་མཐར་ཕྱིན་མཛད། རབ་བྱུང་བདུན་པའི་མེ་ཁྱི(༡༤༠༦)ལོར་ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་སྨན་རི་དགོན་ཕྱག་བཏབ། གསུང་རྩོམ་ལ་མཚོན་ན《མཛོད་ཀྱི་འགྲེལ་པ་འཕྲུལ་གྱི་སྒྲོན་མེ》ས་བཅད་དང་བཅས་པ། 《ཁོན་སྡུད་ཀྱི་འགྲེལ་པ》ས་བཅད་དང་བཅས་པ། 《བྱང་སེམས་གབ་པའི་འགྲེལ་པ་གསལ་བྱེད་ཉི་མའི་དཀྱིལ་འཁོར》 ས་བཅད་དང་བཅས་པ། 《འདུལ་བ་ཆེ་ཆུང་གཉིས་ཀྱི་འགྲེལ་པ་འཕྲུལ་གྱི་སྒྲོན་མེ》 《བདེན་གཉིས་ཀྱི་འགྲེལ་པ》 《གསང་སྔགས་ཀྱི་སྤྱི་དོན》 《སྨན་གྱི་ཆོག་ཁྲིད》 《ཕུར་པའི་ཆམ་ཡིག》 《སྲུང་མའི་སྔགས་འཛབ》 《འགུ་ཡའི་དབང་ཁྲིད》 《འོད་གསལ་ཕྱག་ལེན》 《ས་ལམ་གྱི་སྨོན་ལམ》སོགས་ཐལ་ཕྲེང་དང་། དབང་ཁྲིད། བསྟོད་པ་སྐོར་གྱི་རྩོམ་ཡིག་ཤིན་ཏུ་མང་ཞིང་། གཞན་ཡང་བཀའ་འཕྲིན་དང་སྟབས་བདེའི་སྨོན་ཚིག་སོགས་ནི་བརྗོད་ཀྱིས་མི་ལང་བ་ཡོད། གསུང་གི་བདུད་རྩིས་བསྐྱངས་པའི་སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་བའི་ནང་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་། རྒྱལ་རིགས་བྲུ་ཤའི་གདུང་འཛིན་ཀུན་དགའ་དབང་ལྡན་དང་ཤེས་རབ་སེང་གེ། མི་ཉག་བསོད་ནམས་རྒྱལ་མཚན་སོགས་དང། རྒྱུན་དུ་གམ་བཅར་གྱིས་གསུང་གི་བདུད་རྩི་ཐོབ་པའི་མཁས་པ་བརྒྱ་ཕྲག་ཁ་ཤས་ཡོད་པ་བཅས་མཁས་བཙུན་བཟང་གསུམ་གྱི་མཛད་པས་གཡུང་དྲུང་བོན་གྱི་བསྟན་པ་ལ་སྟོན་པ་གཉིས་པའི་ཕྱག་རྗེས་ཀྱིས་ལེགས་པར་བསྐྱངས་ཏེ་དགུང་ལོ་དྲུག་ཅུ་པ་རབ་བྱུང་བདུན་པའི་ཤིང་ལུག(༡༤༡༥)ལོར་སྐུ་གཤེགས། །

language:
Tibetan

3. Thupten Phuntsok Dictionary

ཤར་རྒྱལ་མོ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་གནས་པའི་ཡུལ་སྟེགས་མཆོག་བྱ་བའི་གནས་སུ་ཡབ་བོན་རིགས་བཞི་ལ་མཁས་པ་ཀླུ་རྒྱལ་དང་ཡུམ་རིན་ཆེན་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་སྤྲེལ (༡༣༥༦ ) ལོར་སྐུ་བལྟམས། སྐུ་ན་ཆེས་ཕྲ་མོ་ཉིད་ནས་ཡབ་ཀྱི་དྲུང་དུ་འབྲི་ཀློག་དང་མོ་རྩིས་གཏོ་དང་སྨན་དཔྱད་སོགས་རྒྱུའི་བོན་ལ་སྦྱངས་པ་མཛད། དགུང་ལོ་བཅུའི་ཐོག་བྱ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་དང་པོ་བསྙེན་གནས་དགེ་བསྙེན་གྱི་སྡོམ་པ་བཞེས། ཁྲོ་ཀློང་རྣམ་གསུམ་དང་། ཡར་མེ་བའི་བཀའ་རྟེན་རྣམ་པར་མཛོད་གབ་པ། རྩ་བརྒྱུད་གཞུང་ཆེན་སོགས་རྒྱུན་མཁོའི་སྔོན་འགྲོའི་ཕྱག་ལེན་གྱི་གཞུང་རྣམས་ཐུགས་འཛིན་མཛད། དགུང་ལོ་དྲུག་ཅུ་པ་རབ་བྱུང་བདུན་པའི་ཤིང་ལུག (༡༤༡༥) ལོར་སྐུ་གཤེགས།

language:
Tibetan