- shes rab ye shes/
- ID:
- T202547
- ཤེས་རབ་ཡེ་ཤེས (Tibetan, Tibetan script, Original)
- > shes rab ye shes/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > sherap yeshé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
གསང་སྔགས་བླ་མེད་ཀྱི་གཞུང་ལས་བཤད་ཚུལ་ལ། དབང་བསྐུར་མཁན་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་ཤེས་རབ་མ་གཏད་དེ་དབང་བསྐུར་བ་ལ་བརྟེན་ནས་ཡིད་ཀྱི་སྒྲིབ་པ་སྦྱངས་ཏེ་འབྲས་བུ་ཆོས་སྐུ་འགྲུབ་བྱེད་ཀྱི་དབང་ཞིག་ལ་ཟེར། ཞིབ་པར《གསང་སྔགས་བླ་མེད་ཀྱིགཞུང》རྣམས་ལས་གསལ།
- language:
- Tibetan
3. Thupten Phuntsok Dictionary
གསང་སྔགས་བླ་མེད་ཀྱི་གཞུང་ལས་བཤད་ཚུལ་ལ། དབང་བསྐུར་མཁན་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་ཤེས་རབ་མ་གཏད་དེ་དབང་བསྐུར་བ་ལ་བརྟེན་ནས་ཡིད་ཀྱི་སྒྲིབ་པ་སྦྱངས་ཏེ་འབྲས་བུ་ཆོས་སྐུ་འགྲུབ་བྱེད་ཀྱི་དབང་ཞིག་ལ་ཟེར། ཞིབ་པརགསང་སྔགས་བླ་མེད་ཀྱི་གཞུང》རྣམས་ལས་གསལ།
- language:
- Tibetan
4. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི《བསྟན་འགྱུར》ལས《དཔལ་ཧེ་རུ་ཀ་[1716]འབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག》དང་། 《དཔལ་ཧེ་རུ་ཀའི་མན་ངག་རང་བྱིན་གྱིས་བརླབས་པའི་རིམ་པ》། 《ནམ་འཁའ་དང་མཉམ་པའི་རྒྱ་ཆེར་འགྲེལ་བ》། 《དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དཀའ་འགྲེལ་རྩ་རྒྱུད》ལེའུ་བཅུ་བདུན་པ། 《རྒྱུད་ཕྱི་མའི་འགྲེལ་བ》ལེའུ་བཅོ་བརྒྱད་པ་བཅས་བཞུགས་སོ། །
- language:
- Tibetan
5. Negi Tibetan-Sanskrit Dictionary
pā. prajñājñānam, abhiṣekaviśeṣaḥ — འཇིག་རྟེན་པ་ནི་ཆུ་དང་ཅོད་པན་དང་དར་དཔྱངས་དང་རྡོ་རྗེ་དྲིལ་བུ་དང་བརྟུལ་ཞུགས་ཆེན་པོ་དང་མིང་དང་རྗེས་སུ་གནང་བ་དང་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཏེ laukikāstāvat udakaṃ mukuṭaḥ paṭṭaṃ vajraghaṇṭā mahāvrataṃ nāma anujñā kalaśo guhyaṃ prajñājñānam vi.pra.123kha/1, pṛ.21.
- language:
- Sanskrit