- shog bzo/
- ID:
- T202773
- ཤོག་བཟོ (Tibetan, Tibetan script, Original)
- > shog bzo/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > shokzo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
ཤོག་བུའི་རྒྱུ་ཆ་ཟར་མ་དང་། རེ་ལྕགས་པ་སོགས་དུག་རིགས་དང་དུག་རིགས་མིན་པའི་རྩི་ཤིང་རིགས་བསྐོལ་བའི་ཁུ་བ་རས་བཞིའི་སྟེང་དུ་བཀྲམ་པ་ལ་བརྟེན་ནས་ཤོག་བུ་བཟོ་བའི་ལག་རྩལ་ལ་ཟེར། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་ཅིག་ནང་། བོད་ཀྱི་ཤོག་བུ་བཟོ་བའི་ལག་རྩལ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའི་ཛུང་ལ་རྒྱ་བཟའ་ཀོང་ཇོ་བཙུན་མོར་སློང་སྐབས་བཀའ་ཤོག་གི་ཡི་གེ་རྒྱ་ཡིག་ཐོག་བྲིས་ནས་བསྐུར་ཡོད་པའི་གནས་ཚུལ་འཁོད་ཡོད་པར་བརྟག་ན་སྐབས་དེར་བོད་དུ་ཤོག་བུ་བཟོ་བའི་ལག་རྩལ་དར་ཟིན་ཡོད་ཚོད་འདུག རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱི་ཤོག་བཟོའི་ལག་རྩལ་དར་ཁྱབ་ཆེ་ཙམ་ཡོད་པ་དཔེར་ན། སྐབས་དེར་རྒྱ་གར་ནས་བོད་དུ་བསྒྱུར་བའི་བོད་ཡིག་གི་གསུང་རབ་ཚང་མ་ཤོག་དྲིལ་བྱས་ཏེ་ཡིག་འབྲུ་དགུ་སྟོང་དྲུག་བརྒྱ་ལ་བམ་པོ་གཅིག་སྟེ། པོད་གཅིག་གི་ཚད་དུ་བརྩིས་པ་མ་ཟད། དེ་ཡང་ཡི་གེ་ཆེན་པོ་མ་གཏོགས་ཆུང་ཆུང་བྲིས་མི་ཆོག་པའི་བཀའ་ཕབ་ཡོད་པ་དང་། ཆོས་བཤད་མཁན་སློབ་དཔོན་དང་མཁན་པོ། དགེ་རྒན་བཅུ་གསུམ། སློབ་ཕྲུག་ཉི་ཤུ་རྩ་ལྔ། སྒོམ་ཆེན་ཉི་ཤུ་རྩ་ལྔ་བཅས་ལ་ཟླ་བ་རེར་ཤོག་བུ་བཅུ་དེབ་བཞི་ནས་གཉིས་བར་ཕོགས་རིམ་ཆེ་ཆུང་ལ་གཞིར་བཟུང་ནས་སྤྲོད་ཀྱི་ཡོད་པ་དང་། རྒྱལ་པོའི་ལས་དོན་གལ་ཆེའི་རིགས་བཀའ་བརྩིགས་ཤོག་བུའི་ཐོག་བྲིས་ནས་བང་མཛོད་དུ་བཞག་པའི་ལོ་རྒྱུས་འདུག དུས་རབས་བཅུ་བཞི་པའི་དཀྱིལ་དུ་བོད་ལ་པར་བསྐྲུན་ལག་རྩལ་དར་འགོ་ཚུགས་པ་དང་དུས་མཚུངས། ཤོག་བུ་བཟོ་བའི་ལག་རྩལ་དར་ཁྱབ་ཆེ་ཞིང་ལག་རྩལ་གྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་སྐབས་དེར་རྗེ་ཙོང་ཁ་པའི་གསུང་འབུམ་དགའ་ལྡན་དཔར་རྙིང་ཆ་ཚང་པར་བརྒྱབ་པ་དང་། དཔེ་ཆ་སྣ་ཁ་རེ་རེ་རྐྱང་པ་དཔར་བརྒྱབ་ཁག་གཅིག་དེ་སྔོན་དགའ་ལྡན་དགོན་པར་མཐོང་རྒྱུ་ཡོད་པ་དེ་ཚོའི་ཤོག་བུ་ཚང་མ་བོད་ཤོག་ཤ་སྟག་ཡིན་པ་དང་། ལོ་མང་སོང་བའི་དབང་གིས་མདོག་སེར་པོ་ལྟ་བུ་ཆགས་པ་ལས་འབུ་སྐྱོན་མེད་པ་དང་འཇམ་ཤ་དོད་པོ་འདུག པོ་ཏ་ལའི་ཕོ་བྲང་དམར་པོ་གསར་བཞེངས་སྐབས་བོད་དུ་ཤོག་བུའི་རིགས་མང་པོ་ཡོད་པ་རྒྱ་ནག་ནས་ཐོན་པའི་རྒྱ་ཤོག་དང་གན་ཤོག་ཇུ་ཙེ་གསུམ་ཕུད། གཙང་སྙེ་མོ་ཁུལ་ནས་ཐོན་པའི་གཙང་ཤོག མཚོ་སྣ་ནས་ཐོན་པའི་མཚོ་ཤོག དྭགས་པོ་སྟོད་ནས་ཐོན་པའི་དྭགས་ཤོག དྭགས་པོ་སྨད་ནས་ཐོན་པའི་སྐྱེམ་ཤོག སྟོད་གཉའ་ནང་ནས་ཐོན་པའི་གཉའ་ཤོག ཆབ་མདོ་བྲག་གཡབ་ནས་ཐོན་པའི་ཁམས་ཤོག་བཅས་ཡོད་ཐོག ད་དུང་འབྲུག་ཡུལ་ནས་ཐོན་པའི་ལྷོ་ཤོག མོན་ཡུལ་ནས་ཐོན་པའི་མོན་ཤོག་བཅས་བེད་སྤྱོད་བྱས་ཡོད་ཚུལ《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ནང་གསལ། སྐབས་དེར་བེད་སྤྱོད་བྱ་རྒྱུའི་བོད་ཤོག་རྣམས་ས་གནས་སོ་སོར་བཟོ་ཁྲལ་བཀལ་སྟེ་བཟོ་རུ་བཅུག་པ་ལས་ལྷ་སར་ཤོག་བུ་བཟོ་གྲྭ་བཙུགས་པའི་ལོ་རྒྱུས་མཐོང་ཐོས་མ་བྱུང་ཞིང་། བོད་ཀྱི་ཤོག་བུ་སྣ་ཚོགས་ཀྱི་བཟོ་སྟངས་ལག་རྩལ་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི《བཟོ་ཡིག་པ་ཊ》ཟེར་བའི་ནང་གསལ།
- language:
- Tibetan
3. Thupten Phuntsok Dictionary
ཤོག་བུའི་རྒྱུ་ཆ་ཟར་མ་དང་། རེ་ལྕགས་པ་སོགས་དུག་རིགས་དང་དུག་རིགས་མིན་པའི་རྩི་ཤིང་རིགས་རྩི་ཤིང་རིགས་བསྐོལ་བའི་ཁུ་བ་རས་གཞིའི་སྟེང་དུ་བཀྲམ་པ་ལ་བརྟེན་ནས་ཤོག་བུ་བཟོ་བའི་ལག་རྩལ་ལ་ཟེར། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་ཅིག་ནང་། བོད་ཀྱི་ཤོག་བུ་བཟོ་བའི་ལག་རྩལ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའི་ཛུང་ལ་རྒྱ་བཟའ་ཀོང་ཇོ་བཙུན་མོར་སློང་སྐབས་བཀའ་ཤོག་གི་ཡི་གེ་རྒྱ་ཡིག་ཐོག་བྲིས་ནས་བསྐུར་ཡོད་པའི་གསན་ཚུལ་འཁོད་ཡོད་པར་བརྟག་ན་སྐབས་དེར་བོད་དུ་ཤོག་བུ་བཟོ་བའི་ལག་རྩལ་དར་ཟིན་ཡོད་ཚོད་འདུག རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱི་ཤོག་བཟོའི་ལག་རྩལ་དར་ཁྱབ་ཆེ་ཙམ་ཡོད་པ་དཔེར་ན། སྐབས་དེར་རྒྱ་གར་ནས་བོད་དུ་བསྒྱུར་བའི་ཡི་གེ་གསུང་རབ་ཚང་མ་ཤོག་དྲིལ་བྱས་ཏེ་ཡིག་འབྲུ་དགུ་སྟོང་དྲུག་བརྒྱ་ལ་བམ་པོ་གཅིག་སྟེ། པོད་གཅིག་གི་ཚད་དུ་བརྩིས་པ་མ་ཟད། དེ་ཡང་ཡི་གེ་ཆེན་པོ་མ་གཏོགས་ཆུང་ཆུང་བྲིས་མི་ཆོག་པའི་བཀའ་ཕབ་ཡོད་པ་དང་། ཆོས་བཤད་མཁན་སློབ་དཔོན་དང་མཁན་པོ། དགེ་རྒན་བཅུ་གསུམ། སློབ་ཕྲུག་ཉི་ཤུ་རྩ་ལྔ། སྒོམ་ཆེན་ཉི་ཤུ་རྩ་ལྔ་བཅས་ལ་ཟླ་བ་རེར་ཤོག་བུ་བཅུ་དེབ་བཞི་ནས་གཉིས་བར་ཕོགས་རིམ་ཆེ་ཆུང་ལ་གཞིར་བཟུང་ནས་སྤྲོད་ཀྱི་ཡོད་པ་དང་། རྒྱལ་པོའི་ལས་དོན་གལ་ཆེའི་རིགས་བཀའ་བརྩིགས་ཤོག་བུའི་ཐོག་བྲིས་ནས་བང་མཛོད་དུ་བཞག་པའི་ལོ་རྒྱུས་འདུག དུས་རབས་བཅུ་བཞི་པའི་དཀྱིལ་དུ་བོད་ལ་དཔར་བསྐྲུན་ལག་རྩལ་འགོ་ཚུགས་པ་དང་དུས་མཚུངས། ཤོག་བུ་བཟོ་བའི་ལག་རྩལ་དར་ཁྱབ་ཆེ་ཞིང་ལག་རྩལ་གྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་སྐབས་དེར་རྗེ་ཙོང་ཁ་པའི་གསུང་འབུམ་དགའ་ལྡན་དཔར་རྙིང་ཆ་ཚང་དཔར་བརྒྱབ་པ་དང་། དཔེ་ཆ་སྣ་ཁ་རེ་རེ་རྐྱང་པ་དཔར་བརྒྱབ་པ་ཁག་གཅིག་དེ་སྔོན་དགའ་ལྡན་དགོན་པར་མཐོང་རྒྱུ་ཡོད་པ་དེ་ཚོའི་ཤོག་བུ་ཚང་མ་བོད་ཤོག་ཤ་སྟག་ཡིན་པ་དང་། ལོ་མང་སོང་བའི་དབང་གིས་མདོག་སེར་པོ་ལྟ་བུ་ཆགས་པ་ལས་འབུ་སྐྱོན་མེད་པ་དང་འཇམ་ཤ་དོད་པོ་འདུག པོ་ཏ་ལའི་ཕོ་བྲང་དམར་པོ་གསར་བཞེངས་སྐབས་བོད་དུ་ཤོག་བུའི་རིགས་མང་པོ་ཡོད་པ་རྒྱ་ནག་ནས་ཐོན་པའི་རྒྱ་ཤོག་དང་གན་ཤོག་ཇུ་ཙེ་གསུམ་ཕུད། གཙང་སྙེ་མོ་ཁུལ་ནས་ཐོན་པའི་གཙང་ཤོག མཚོ་སྣ་ནས་ཐོན་པའི་མཚོ་ཤོག དྭགས་པོ་སྟོད་ནས་ཐོན་པའི་དྭགས་ཤོག དྭགས་པོ་སྨད་ནས་ཐོན་པའི་སྐྱེམ་ཤོག སྟོད་གཉའ་ནང་ནས་ཐོན་པའི་གཉའ་ཤོག ཆབ་མདོ་བྲག་གཡབ་ནས་ཐོན་པའི་ཁམས་ཤོག་བཅས་ཡོད་ཐོག ད་དུང་འབྲུག་ཡུལ་ནས་ཐོན་པའི་ལྷོ་ཤོག མོན་ཡུལ་ནས་ཐོན་པའི་མོན་ཤོག བཅས་བེད་སྤྱོད་བྱས་ཡོད་ཚུལགསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ནང་གསལ། སྐབས་དེར་བེད་སྤྱོད་བྱ་རྒྱུའི་བོད་ཤོག་རྣམས་ས་གནས་སོ་སོར་བཟོ་ཁྲལ་བཀལ་སྟེ་བཟོ་རུ་བཅུག་པ་ལས་ལྷ་སར་ཤོག་བུ་བཟོ་གྲྭ་བཙུགས་པའི་ལོ་རྒྱུས་མཐོང་ཐོས་མ་བྱུང་ཞིང་། ཁམས་ཕྱོགས་སུ་སྡེ་དགེའི་སྤར་ཁང་གི་ཤོག་བུ་བཟོ་མཁན་ཨ་ལོ་གྲོང་སོགས་གྲོང་སྡེ་ཁ་ཤས་ཡོད་ཚོ་ཚོས་བཟོས་པའི་ཤོའམ་བུ་ལ་ཨ་ལོའི་གན་ཤོག་དང་གཡག་ཤོག་ལི་ཐང་གན་ཤོག སོགས་རིགས་མི་འདྲ་མང་པོ་ཡོད། བོད་ཀྱི་ཤོག་བུ་སྣ་ཚོགས་ཀྱི་བཟོ་སྟངས་ལག་རྩལ་སྐོར་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའིབཟོ་ཡིག་པ་ཊ》དང་ཀོང་སྤྲུལ་རིན་པོ་ཆེའི་ཤེས་བྱ་ཀུན་ཁྱབ་》ནང་གསལ།
- language:
- Tibetan