- sa chen kun dga' snying po/
- ID:
- T204355
- ས་ཆེན་ཀུན་དགའ་སྙིང་པོ (Tibetan, Tibetan script, Original)
- > sa chen kun dga' snying po/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > sachen künga nyingpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
-
1092-1158
- language:
- English
-
Sa chen Kunga Nyingpo: 1092-1158. One of the Five Sakya Forefathers, son of Könchok Gyalpo
- language:
- English
-
1092-1158 - Kunga Nyingpo, Sachen, one of the five founding lamas of the Sakya tradition
- language:
- English
2. Thupten Phuntsok Dictionary
(རབ་བྱུང་གཉིས་པའི་ཆུ་སྤྲེལ༡༠༩༢ལོ་ནས་རབ་བྱུང་གསུམ་པའི་ས་སྟག༡༡༥༨ལོའི་བར།) ཡབ་འཁོན་དཀོན་མཆོག་རྒྱལ་པོ་དགུང་ལོ་ང་དགུ་བཞེས་པའི་དུས་སུ། མ་གཅིག་ཞང་མོའི་སྲས་སུ་འཁྲུངས། དགུང་ལོ་བཅུ་གཅིག་ལ་མ་སླེབས་བར་དུ་ཡབ་ཀྱི་དྲུང་དུ་ཡི་གེ་འབྲི་ཀློག་དང་། ཡབ་ཆོས་འགའ་ཞིག་གསན། དེ་ནས་ཡབ་སྐུ་གཤེགས་ཏེ། ཡུམ་གྱིས་གདན་ས་བླ་མ་བ་རི་ལོ་ཙཱ་བ་ལ་གཏད། བ་རི་ལོ་ཙཱ་བ་སོགས་བླ་མ་མཁས་པ་མང་དུ་བསྟེན་ནས་མངོན་པ་དང་། ཕར་ཕྱིན། ཚད་མ། གསང་སྔགས་གསར་མའི་སྐོར་བཅས་སློབ་གཉེར་གནང་སྟེ་ལོ་བརྒྱད་སོང་བ་རི་ལོ་ཙཱ་བས་གདན་སའི་བདག་པོར་བསྐོས། དེ་ནས་སླར་ཡང་དགེ་བཤེས་དང་བླ་མ་མཁས་པ་མང་དུ་བསྟེན་ནས་གཙོ་བོར་གསང་སྔགས་ལ་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་ནས་དྲུག་ཅུ་རེ་བདུན་གྱི་བར་ས་སྐྱའི་གདན་ས་མཛད་ནས་ལོ་དེར་སྐྱ་བོ་ཁ་གདངས་སུ་སྐུ་གཤེགས། ས་ཆེན་འདིས་མཛད་པའི་གསུང་རྩོམ་གང་ཡོད་ཕྱོགས་བསྒྲིགས་ཀྱི་གསུང་འབུམ་པོད་གཉིས་སྡེ་དགེ་དཔར་ཁང་དུ་དཔར་ཡོད། རྣམ་ཐར་ལོ་རྒྱུས་རྒྱས་པ། བདག་ཆེན་ཨ་མེས་ཞབས་ཀྱིས་མཛད་པའིས་སྐྱའི་གདུང་རབས་རིན་ཆེན་བང་མཛོད》ཤོག་གྲངས༡༣ནས༣༠བར་གསལ།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་གཉིས་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1092 ལོར་[1727]ས་སྐྱར་ཡབ་འཁོན་དཀོན་མཆོག་རྒྱལ་པོ་དང་། ཡུམ་མ་གཅིག་ཞང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ 1158 ལོར་གཡས་རུ་སྐྱ་བོ་ཁ་གདངས་སུ་སྐུ་གཤེགས། སྐུ་འཁྲུངས་མ་ཐག་ནས་གནམ་ཁའུ་པས་སྐུ་པང་དུ་བཞེས་ཏེ་ངེས་པར་སྤྱན་རས་གཟིགས་ཡིན་པའི་བསྔགས་བརྗོད་མཛད་ནས་མཚན་ལ་ཀུན་དགའ་སྙིང་པོ་ཞེས་གསོལ། ཡབ་ཀྱི་དྲུང་ནས་ཡི་གེའི་འབྲི་ཀློག་དང་ལུགས་ཀྱི་བསྟན་བཅོས། བརྟག་པ་རྣམ་བརྒྱད། རྩིས་དང་སྒྲ། སྙན་ངག་དང་སྡེབ་སྦྱོར་བཅས་ལ་ལེགས་པར་སྦྱངས། དགུང་ལོ་བཅུ་གཅིག་པར་ཡབ་གཤེགས་ནས་གདན་ས་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ལ་གཏད། དེ་ནས་བ་རི་ལོ་ཙཱ་བ་ལས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་གསན་ནས་སྒྲུབ་པས་འཇམ་དབྱངས་ཀྱི་ཞལ་གཟིགས་པ་བྱུང་། བྲང་ཏི་དར་མ་སྙིང་པོ་ལས་མངོན་པ་ཀུན་བཏུས་དང་། དགེ་བཤེས་ཁྱུང་པོ་ལས་ས་སྡེ་ལྔ་དང་སྡོམ་རྣམ་གཉིས་གསན། ཁྱད་པར་དུ་ཞང་དགོན་པ་བ་ལས་ལོ་བཞིའི་རིང་ཕ་ཆོས་དཀར་པོ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་མ་ལུས་པ་གསན། དགུང་ལོ་ཉི་ཤུ་ཐམ་པར་བླ་མ་བ་རི་བས་ཁོང་ལ་གདན་ས་གཏད་ནས་ཞི་བར་གཤེགས། བླ་མས་ཁོང་ལ་ལོ་བཅོ་བརྒྱད་བར་དུ་སྒྲུབ་བརྒྱུད་ཀྱི་ལུང་གསང་བ་དགོས་པའི་བཀའ་ལྟར་འཆད་ཉན་དང་ཡི་གེར་བཀོད་པ་ཅུང་ཙམ་མེད། དེ་ནས་དགུང་ལོ་ལྔ་བཅུ་པར་གསང་སྔགས་ཀྱི་བཀའ་རྒྱ་ལོ་བཅོ་བརྒྱད་ཡོད་པ་གྲོལ་ནས་གང་ཟག་སོ་སོའི་མོས་བློ་ལྟར་འཆད་ཉན་གྱིས་བསྟན་པ་དར་བར་མཛད། མདོ་སྔགས་གཉིས་ཀྱི་གཞུང་ལུགས་ཐོག་ནས་[1728]སྐལ་ལྡན་བུ་སློབ་རྣམས་ཀྱི་རེ་བ་ཡོངས་སུ་རྫོགས་པའི་ཆོས་སྦྱིན་གནང་། དད་པ་དང་སྒྲུབ་པའི་སྒོ་ནས་བླ་མ་རྣམས་ཀྱི་ཐུགས་མཉེས་པར་མཛད། ཆོས་ཐམས་ཅད་ལ་མངའ་བརྙེས་པ་དང་། མངོན་ཤེས་དང་རྫུ་འཕྲུལ་སོགས་ལ་ཐོགས་པ་མེད་ཅིང་། གདན་ས་མཛད་ནས་ལོ་ཞེ་བརྒྱད་རིང་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་དེ་བསྟན་འགྲོའི་བྱ་བ་རྒྱ་ཆེན་མཛད་ནས་དུས་འདའ་བར་མཛད། ཁོང་ནི་ས་སྐྱ་གོང་མ་རྣམ་ལྔའི་ནང་གི་དང་པོ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་སློབ་དཔོན་བསོད་ནམས་རྩེ་མོ་དང་། མཆོག་གསུམ་ཐོབ་པ་གསུམ། བཟོད་པ་ཐོབ་པ་བདུན། རྟོགས་ལྡན་བརྒྱད་ཅུ་བཅས་ཡོད། ཁོང་གི་གསུང་རྩོམ་ནི《དཔལ་ལྡན་སི་ཏཱུ་པ་ལ་བསྟོད་པ》དང་། 《རྡོ་རྗེ་གུང་གྱི་ཐོབ་ཡིག》། 《སློབ་དཔོན་མཚོ་སྐྱེས་ཀྱི་ལོ་རྒྱུས》བཅས་པོད་གཉིས་བཞུགས་སོ། །
- language:
- Tibetan