Skip to main content Skip to search
sa dang po nas bcu'i bar gyi yon tan bcu/
ID:
T204473
  • ས་དང་པོ་ནས་བཅུའི་བར་གྱི་ཡོན་ཏན་བཅུ (Tibetan, Tibetan script, Original)
    • > sa dang po nas bcu'i bar gyi yon tan bcu/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sadang poné chüwar gyiyön tenchu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

chn

language:
English

2. Thupten Phuntsok Dictionary

ས་དང་པོར་སྐད་ཅིག་མ་གཅིག་ལ་སངས་རྒྱས་བརྒྱ་མཐོང་བ་དང་། དེ་དག་གི་བྱིན་རླབས་ཤེས་པ་དང་། ཏིང་ངེ་འཛིན་བརྒྱ་ལ་འཇུག་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱར་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང་། སེམས་ཅན་བརྒྱ་སྨིན་པ་དང་། བསྐལ་བ་བརྒྱར་གནས་པ་དང་། དེ་དག་སྔོན་མཐར་འཇུག་པ་དང་། ཆོས་སྒོ་བརྒྱ་འབྱེད་པ་དང་། ལུས་བརྒྱ་སྟོན་པ་དང་། ལུས་རེ་རེ་ལ་འཁོར་བརྒྱ་རེ་སྟོན་པ་སྟེ་བརྒྱ་ཕྲག་བཅུ་གཉིས་སོ། །ས་གཉིས་པར་དེ་དག་སྟོང་དང་། ས་གསུམ་པར་བརྒྱ་སྟོང་འགྱུར་དང་། ས་བཞི་པར་ཁྲི་སྟོང་འགྱུར་དང་། ས་ལྔ་པར་ཁྲག་ཁྲིག་ཕྲག་སྟོང་དང་། ས་དྲུག་པར་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དང་། ས་བདུན་པར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། ས་བརྒྱད་པར་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་དང་། ས་དགུ་པར་སངས་རྒྱས་ཀྱི་ཞིང་གྲངས་མེད་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་དང་། ས་བཅུ་པར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་ཐོབ་ཅེས་མདོ་སྡེ་ཕལ་མོ་ཆེ་ལས་གསུངས་སོ། །

language:
Tibetan