Skip to main content Skip to search
khri ka/
ID:
T20457
  • ཁྲི་ཀ (Tibetan, Tibetan script, Original)
    • > khri ka/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trika (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Trika, in Domey

language:
English

2. dung dkar bod rig pa'i tshig mdzod chen mo

<<མདོ་སྨད་ཆོས་འབྱུང>>ལྕགས་དཔར་མའི་ཤོག་གྲངས༡༧ཕྲེང༨པར་རྒྱ་ཡི་གོང་གུ་རྨེ་རུ་བྱ་བར་རྒྱ་བོད་ཀྱི་ས་མཚམས་བྱས་ཏེ་དེར་བོད་བཙན་པོའི་གཙུག་ལག་ཁང་དང༌། རྒྱ་རྗེའི་གཙུག་ལག་ཁང་བརྩིགས་པར་བཤད་པ་མཆོད་རྟེན་དཀར་པོར་ངོས་འཛིན་པ་དང༌། བདག་ཁྲི་རལ་ཉིད་དངོས་སུ་ཕེབས་ཤིང་རལ་པ་ནང་བཞུགས་ཀྱི་མཆོད་རྟེན་ཁྲི་ཀར་ཡོད་པ་གྲགས་ཆེ་ཞེས་དང༌། ཤོག་གྲངས༢༩༤བར་ཨན་ཆུང་གནམ་རྫོང་དུ་མཁས་པ་མི་གསུམ་ཡུན་རིང་བཞུགས་ཤིང་སྒོམ་ཁྲིད་བསྐྱངས། སྐ་ཕུག་བློ་བཟང་དོན་གྲུབ་པས་རི་རྩེར་སྒྲུབ་ཁང་བརྩིགས་ཏེ་བློ་བཟང་དོན་གྲུབ་པས་རི་རྩེར་སྒྲུབ་ཁང་བརྩིགས་ཏེ་འཇིན་སྐྱོང་མཛད། རབ་བྱུང་བཅུ་གསུམ་པའི་ཤིང་སྟག(༡༧༩༤)ལོར་བཀྲ་ཤིས་ཐང་དུ་ཁམ་རའི་གྲྭ་ཚང་བཏབ། བྱ་ཁྱུང་རྒྱུད་པ་ཆོས་དབར་བཏེག་པ་ལ་ཁམ་རའི་སྡེ་པས་བསྙེན་བཀུར་བྱེད། འདི་ནས་གྲ་མའི་ལ་རྒྱབ་ན་ཁྲི་ཀ་གོང་མར་སླེབས། ཞེས་དང༌། དེ་གའི་གྲངས༢༩༤ཁྲི་ཀ་གོང་འོག་གི་མཚམས་སུ་སྲིན་པོ་རི་འདི་བྲག་དཀར་སྔགས་རམས་པའི་རྣམ་ཐར་དུ། སྟོད་མི་ལ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ་འཇམ་དཔལ་ན་ག་ར་ཀླར་འདྲ་ཚུལ་དང༌། ཞེས་དང༌། རྨ་ཆུ་ནུབ་ནས་ཤར་དུ་འབབ་པའི་ཚུར་ངོས་ཀོ་ར། གོང་བ། ཀབ་རོན་ཏེ་ལུང་པ་གསུམ་གྱི་མདར་ཁྲི་ཀའི་རྒྱ་མཁར་འིག་ཡོད་པ་དེར་དུས་གསུམ་སངས་རྒྱས་དང༌། འཇིགས་བྱེད། མགོན་ཆོས་སོགས་ཆོས་སྐྱོང་ཡོངས་རྫོགས་བཞུགས་པའི་མི་ཉག་མགོན་ཁང་དང༌། མི་ཉག་གུ་ཐོག་ཏུ་གྲགས་པ་ཡོད་ཅེས་སོགས་གསལ་བ་འདིར་དཔྱད་གའིར་བཀོད་པ།

language:
Tibetan

3. Thupten Phuntsok Dictionary

རྒྱ་ཡི་གོང་གུ་རྨེ་རུ་བྱ་བར་རྒྱ་བོད་ཀྱི་ས་མཚམས་བྱས་ཏེ་དེར་བོད་བཙན་པོའི་གཙུག་ལག་ཁང་དང་། རྒྱ་རྗེའི་གཙུག་ལག་ཁང་བརྩིགས་པར་བཤད་པ་མཆོད་རྟེན་དཀར་པོར་ངོས་འཛིན་པ་དང་། མངའ་བདག་ཁྲི་རལ་ཉིད་དངོས་སུ་ཕེབས་ཤིང་རལ་པ་ནང་བཞུགས་ཀྱི་མཆོད་རྟེན་ཁྲི་ཀར་ཡོད་པ་གྲགས་ཆེ།

language:
Tibetan